ཡུལ་ཤུལ་གནོད་ཕྱིའི་བསྐྱར་འཛུགས་ཁྲོད་གཞི་ཁྱོན་ཆེས་ཆེ་བའི་སློབ་གྲྭ་ལེགས་འགྲུབ་བྱུང་བ།
ཡུལ་ཤུལ་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་ཁྲིད་ཐོག་ཁང་གསར་བ།
ཡུལ་ཤུལ་རྫོང་མི་རིགས་སློབ་འབྲིང་དང་པོའི་དམའ་འབྲིང་གསུམ་པའི་སློབ་གྲོགས་
རྣམས་ཀྱིས་ཕྱོགས་བསྡུས་ཐོག་ཁང་གི་མདུན་དུ་པར་ལེན་བཞིན་པ།
འཛུགས་སྐྲུན་མི་སྣ་དང་ཡུལ་ཤུལ་རྫོང་མི་རིགས་སློབ་འབྲིང་དང་པོའི་དགེ་སློབ་རྣམས་
བཟོ་འགོད་ལེགས་འགྲུབ་བྱུང་བའི་མཛད་སྒོར་ཞུགས་པ།
ཟླ8པའི་ཚེས16ཉིན། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་མི་རིགས་སློབ་འབྲིང་དང་པོ་རུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་མཛད་སྒོ་བསྡུས། སློབ་གྲྭ་འདི་ཡུལ་ཤུལ་རྫོང་སྐྱེ་རྒུ་གྲོང་རྡལ་ལྷོ་ཁུལ་དུ་ཆགས་ཤིང་། རྒྱལ་ཁབ་གྱི་རིམ་པ་དང་པོའི་བཅའ་སྡོད་མ་ཡིན་པའི་སློབ་གྲྭའི་ཚད་གཞི་དང་ཚད་རིམ8ཀྱི་ས་འགུལ་འགོག་ནུས་པའི་ཇུས་འགོད་ལྟར་འཛུགས་སྐྲུན་བྱས་ཡོད། སློབ་གྲྭའི་གཞི་ཁྱོན་ལ་མུའུ66དང་འཆར་བཀོད་བཟོ་སྐྲུན་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི2.3ཡོད་པ་དང་། སློབ་ཁྲིད་ཐོག་ཁང་གི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ10782ཡོད་ལ་འཛིན་གྲྭ64དང་དགེ་སློབ3500ཡི་སློབ་ཁྲིད་གྱི་བྱ་བ་གཉེར་ཐུབ། སློབ་གྲྭ་འདི་ནི་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཅུའུ་གཉིས་པས་འཛུགས་སྐྲུན་བྱས་ཤིང་། བཟོ་འགོད་ཀྱི་སྤྱིའི་མ་དངུལ་སྒོར་ཁྲི9000ལྷག་ལ་བསླེབས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com