གླུ་མ་ཧན་ཧུང་གིས་ཕ་ཡུལ་གྱི་དྭ་ཕྲུག་ཁང་དུ་རོགས་དངུལ་སྦྱིན་པ།

རྩོམ་པ་པོ།:དགེ་བུ། ཡོང་ཁུངས།:ཚངས་དབྱངས་དྲ་ཚིགས། དུས་ཚོད།:2011-08-23 09:37:00 ཀློག་གྲངས།:


བོད་ཀྱི་གླུ་མ་གྲགས་ཅན་ཧན་ཧུང་གིས་ཕ་ཡུལ་གྱི་དྭ་ཕྲུག་ཁང་དུ་རོགས་དངུལ་ཕུལ་ཞིང་། དྭ་ཕྲུག་གསོ་སྐྱོང་གནང་བ།

            ཉེ་ཆར། “ཧན་ཧུང་བྱམས་སེམས་ལག་ལེན་ཚོགས་པ”འཁོར་བཅས་ཆབ་མདོའི་དྭ་ཕྲུག་ཁང་དུ་ཕེབས་ནས་དྭ་ཕྲུག100ལ་ཉེ་བར་སློབ་སྦྱོང་གི་མཁོ་ཆས་དང་། ཤིང་ཏོག་དང་མངར་ཆ་གནང་སྦྱིན་བསྩལ་བ་མ་ཟད།  ཕྲུ་གུ་ཚོའི་འཚོ་བའི་ཆ་རྐྱེན་ཡག་ཏུ་གཏོང་ཆེད་སྒོར་ཁྲི30ཞལ་འདེབས་ཕུལ་བ་རེད། དེ་སྔོན་གནོད་འཚེ་བྱུང་ཁུལ་གྱི་དྭ་ཕྲུག་གསོ་ཉར་བྱེད་མྱོང་བའི་ཧན་ཧུང་ལ་ད་ཐེངས་ཀྱང་ལོ་དྲུག་ལོན་པའི་བུ་ཕྲུག་ཞིག་གསོ་སྐྱོང་བྱ་རྒྱུ་མང་དུ་ཕྱིན་འདུག      
            དེ་རྗེས་ཧན་ཧུང་(དབྱངས་ཅན་སྒྲོལ་མ)མགུ་རོ་གྲོང་རྡལ་སྨན་བཅོས་ས་ཚིགས་སུ་ཕེབས་ནས་ས་ཆ་དེ་གའི་ཡུལ་མི་ཚོར“བདེ་ཐང་ཁྱིམ་གཞིས”འཛུགས་གཉེར་གྱིས་བོད་ཡིག་དང་རྒྱ་ཡིག་གང་རུང་ཐོག་ནས་ཐག་རིང་ས་ཁུལ་གྱི་མི་སེར་ཚོར་སྨན་བཅོས་ཤེས་བྱ་ངོ་སྤྲོད་གནང་ནས་བདེ་ཐང་གི་འདུ་ཤེས་ཇེ་ཟབ་གཏོང་ཐབས་བྱས།
            ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྤྱི་ཕན་བྱ་སྤྱོད་འདིའི་ནང་ཧན་ཧུང་གིས་ལམ་བརྒྱུད་ཀྱི་ཡུལ་ཚོ་དང་གྲོང138ལ་བདེ་ཐང་ཁྱིམ་གཞིས140འཛུགས་འཆར་ཡོད་པ་དང་།  བདེ་ཐང་ཁྱིམ་གཞིས་རེར་གླུ་བརྙན་གཏོང་ཆས་སྤུས་དག་རེ་དང“ཧན་ཧུང་བྱམས་སེམས་བདེ་ཐང་ཁྱིམ་གཞིས”སྨན་བཅོས་རྒྱུན་ཤེས་འོད་སྡེར་ཆ་འགྲིག་འབུལ་འཆར་ཡོད་པ་རེད།      
            ཆེད་ལས་སྤུས་བཟོ་བྱས་པའི་གཟུགས་འཆར་སློབ་གསོའི་འོད་སྡེར་དེའི་ནང་དོན་གཙོ་བོ་ནི་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་སྨན་པའི་སློབ་ཁྲིད་བོད་སྒྱུར་མ་དང་ཆབ་མདོ་ས་གནས་དེ་གའི་བོད་སྨན་མཁས་པས་འགྲེལ་བཤད་བྱས་པའི་སྨན་བཅོས་རྒྱུན་ཤེས་དག་ཡིན་ཞིང་།   དེ་ལྟར《བདེ་ཐང་ཁྱིམ་གཞིས》ཡང་གཏོང་བསྐྱར་གཏོང་བྱས་པ་བརྒྱུད་སྨན་བཅོས་རྒྱུན་ཤེས་ཁྱབ་གདལ་ཡོང་ཐབས་གནང་བ་དང་ཆབས་ཅིག  ས་ཁུལ་དེ་ཡོངས་སུ་བདེ་སྲུང་དྲིལ་བསྒྲགས་འོད་སྡེར་ཆ15000འབུལ་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།