བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ལེགས་པོ་བྱས་པར་བསྟོད་བསྔགས་ཐོབ་པ།
ཚོགས་ཞུགས་འཐུས་མིས་བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་བའི་བོད་ཀྱི་གནའ་དཔེ་
ཉར་ཚགས་ཁང་དུ་གཟིགས་ཞིབ་གནང་བ།
ཟླ8པའི་ཚེས20ཉིན་གྱི་ཕྱི་དྲོར། ལྷ་སར་ཀྲུང་གོའི་བོད་ལྗོངས་རིག་གནས་གླེང་སྟེགས་སུ་ཞུགས་པའི་འཐུས་མི་རྣམས་བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་བ་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བཅས་སུ་གཟིགས་མོར་ཕེབས་པ་རེད། ད་ཐེངས་ཚོགས་ཞུགས་འཐུས་མི་རྣམས་ནི་རྒྱལ་ཕྱི་རྒྱལ་ནང་ནས་ཡོང་བའི་བོད་རིག་པ་ཞིབ་འཇུག་མངའ་ཁོངས་ཀྱི་ཆེད་ལས་མཁས་པ་ཡིན་ཞིང་། ཁོ་ཚོས་བོད་ཀྱི་རིག་གནས་ཐད་ཐག་ཉེ་ས་ནས་འབྲེལ་འདྲིས་དང་། བོད་ཀྱི་རིག་གནས་བྱུང་འཕེལ་གྱི་ལོ་རྒྱུས་ལ་རྟོག་ཞིབ་གནང་རྗེས། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་ལེགས་པོ་ཐོབ་འདུག་ཅེས་བསྟོད་བསྔགས་བྱས་པ་རེད།
ཚོགས་ཞུགས་འཐུས་མི་རྣམས་ཀྱིས་ཐོག་མར་བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་བའི་དཔེ་མཛོད་ཁང་གི་ཐོག་ཁང་གཉིས་པའི་གནའ་དཔེ་ཉར་ཚགས་ཁང་དུ་ཕྱིན་ནས། བོད་རིག་པ་ཞིབ་འཇུག་དང་། བོད་ཡིག་གི་གནའ་དཔེ་ཉར་ཚགས་སོགས་ལ་རྟོག་ཞིབ་གནང་བ་མ་ཟད། སློབ་གྲྭ་དེ་གའི་བོད་ཡིག་ཆ་འཕྲིན་ལག་རྩལ་ལས་གཞིའི་ཞིབ་འཇུག་ལྟེ་གནས་དང་། སློབ་གསོ་པུའུ་ཡི་ཚོད་ལྟ་ཁང་གཙོ་བོ་སོགས་དང་། དེ་མིན་མངོན་མིན་རིག་གནས་ཤུལ་བཞག་ཏེ་ཐང་ག་སྲུང་སྐྱོབ་ཀྱི་གནས་ཚུལ་བཅས་ལ་གཟིགས་ཞིབ་གནང་རེད། དེའི་རྗེས་བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་འཁོར60ལོན་པའི་འཕེལ་རྒྱས་འགྲེམ་སྟོན་ལ་ཡང་གཟིགས་མོ་གནང་བ་རེད།
བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་བའི་བོད་ཀྱི་གནའ་དཔེ་ཉར་ཚགས་ཁང་།
ཚོགས་ཞུགས་འཐུས་མི་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་གྱིས་ཕན་ཚུན་བར་
བོད་ཡིག་ཡིག་གཟུགས་ཀྱི་མྱོང་ཚོར་ཐད་ནས་ཁ་བརྡ་བྱེད་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com