དཔེ་དེབ《བོད་ལྗོངས་མིག་ལོང་བྱིས་པའི་འོད་སྣང》པར་སྐྲུན་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-29 12:01:00 ཀློག་གྲངས།:


《བོད་ལྗོངས་མིག་ལོང་བྱིས་པའི་འོད་སྣང》དཔེ་དེབ་ཀྱི་མདོན་ཤོག 

             ཉེ་ལམ།   དཔེ་དེབ《བོད་ལྗོངས་མིག་ལོང་བྱིས་པའི་འོད་སྣང》ཞེས་པ་གླིང་ལྔའི་ཁྱབ་བསྒྲགས་པར་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་།  འདི་ནི་བྱམས་སེམས་ཀྱིས་ཕྱུག་པའི་ཡི་གེ་དང་པར་རིས་ཟུང་འབྲེལ་གྱི་དཔེ་ཆ་ཞིག་ཡིན་ལ། འདིའི་ནང་འཇར་མན་མིག་ལོང་བུད་མེད་སཱ་པོ་ལི་ཡཱ་དང་པོའོ་ལོ་གཉིས་ཀྱིས་བོད་ལྗོངས་མིག་ལོང་བྱིས་པའི་སློབ་གྲྭ་བཙུགས་པའི་གཏམ་རྒྱུད་དང་།   བོད་ལྗོངས་པར་ལེན་པ་ཁྲིག་ཀང་གིས་ལོ་ངོ10ལ་རྒྱུན་ཆད་མེད་པར་མིག་ལོང་བྱིས་པའི་འཚོ་བ་པར་དུ་བླངས་བ་དང་བྱམས་ལྡན་མི་སྣ་དང་ཁེ་ལས་པ་གང་མང་ཞིག་ལ་མིག་ལོང་སློབ་གྲྭར་རོགས་རམ་རྒྱབ་སྐྱོར་བྱེད་དུ་བཅུག་པའི་གཏམ་རྒྱུད།  བོད་ལྗོངས་མིག་ལོང་བྱིས་པའི་འོད་སྣང་གི་སེམས་ཁམས་དངོས་ཀྱི་ཞིབ་འབྲི།   བྱིས་པ་ཚོས་མུན་ནག་ཁྲོད་འོད་སྣང་འཚོལ་བ་དང་རྨི་ལམ་འཚོལ་བའི་གཏམ་རྒྱུད།  དེ་མིན་མིག་ལོང་བྱིས་པ་ཚོ་བྱམས་སེམས་ཀྱིས་ཁེངས་བའི་འཇིག་རྟེན་ན་འཚར་ལོང་བྱུང་བའི་གཏམ་རྒྱུད་སོགས་འདུས་ཡོད། 


《བོད་ལྗོངས་མིག་ལོང་བྱིས་པའི་འོད་སྣང》དཔེ་དེབ་མདུན་ཤོག་སྟེང་གི་པར་རིས། 

             《བོད་ལྗོངས་མིག་ལོང་བྱིས་པའི་འོད་སྣང》ཞེས་པ་འདི་ནི་བྱམས་ལྡན་མི་སྣ་གང་མང་གིས་བྱམས་སེམས་ཕྲེང་དུ་བརྒྱུས་པའི་གཏམ་རྒྱུད་ཅིག་ཡིན་ལ།   ལྐོག་ཏུ་གཟིགས་རྟོགས་དང་བྱམས་སྙིང་རྗེ་སྒོམ་པའི་མི་གང་མང་ཞིག་གིས་མིང་ཐོ་ཙམ་ཡང་མེད་པར་བོད་ལྗོངས་མིག་ལོང་བྱིས་པ་རྣམས་ལ་དྲོད་ཁོལ་སྦྱིན་པའི་གཏམ་རྒྱུད་ཀྱང་ཡིན།    རྒྱུས་ལོན་བྱས་པ་ལྟར་ན།  དཔེ་ཆ་འདིའི་བསྡུ་སྒྲིག་དང་པར་རིས་མཁོ་སྤྲོད་པ་ནས།  དཔེ་ཆ་ཡོངས་ཀྱི་རྩོམ་སྒྲིག་དང་།  པར་སྐྲུན།   ཁྱབ་སྤེལ་སོགས་གོ་རིམ་ཐམས་ཅད་སྤྱི་ཚོགས་ལས་རིགས་ཁག་གི་བྱམས་ལྡན་མི་སྣའི་བྱམས་དང་སྙིང་རྗེའི་སྟོབས་ཤུགས་ལས་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་།  དཔེ་ཆ་འགྲེམ་ཚོང་བྱས་པའི་ཡོང་སྒོ་ཡོད་ཚད་བོད་ལྗོངས་མིག་ལོང་སློབ་གྲྭར་ཕུལ་ཏེ་མ་འོངས་འཕེལ་རྒྱས་བྱེད་པའི་དངུལ་རྩ་གསོག་ཉར་བྱེད་འཆར་ཡོད་པ་རེད།


《བོད་ལྗོངས་མིག་ལོང་བྱིས་པའི་འོད་སྣང》དཔེ་དེབ་མདུན་ཤོག་གི་ནང་མ། 

             མཚམས་སྦྱོར་བྱས་པ་ལྟར་ན།   《བོད་ལྗོངས་མིག་ལོང་བྱིས་པའི་འོད་སྣང》པར་སྐྲུན་བྱས་རྗེས།    ཅང་སུའུ་ཡི་ཁེ་ལས་ཀྱིས་ལྷ་སའི་མིག་ལོང་སློབ་གྲྭ་དང་གཞིས་ཀ་རྩེ་ཡན་ལག་སློབ་གྲྭའི་བྱིས་པ་རྣམས་ལ་ཆེད་དུ་ཉི་འོད་ནུས་པའི་ཚ་དམ་འཕྲུལ་ཆས་ཉོས་པ་དང་།   གཞིས་ཀ་རྩེ་ཡན་ལག་སློབ་གྲྭའི་ནང་དུའང་མིག་ལོང་བྱིས་ཆུང་གླིང་ཞིག་བཙུགས་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།