དུས་ཚོད་སྟོང་ལྔའི་ཡུན་གྱི《གེ་སར་སྒྲུང》གི་སྒྲ་ཕབ་སྤྱིན་ཤོག་སྒྲ་ཕབ་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-05 12:04:00 ཀློག་གྲངས།:


《གེ་སར་སྒྲུང》གི་སྒྲུང་པ་སྲིད་ཐར་རྡོ་རྗེས་སྒྲུང་བཤད་བཞིན་པ།

  ཀྲུང་གོའི་རྒྱལ་ཁབ་ཀྱིས《གེ་སར་སྒྲུང》གི་འཛིན་སྤེལ་ལ་ཐུགས་ཁུར་ཆེན་པོ་བྱས་པའི་འོག  མིག་སྔར་དུས་ཚོད5000ཡུན་ལ་སྒྲུང་བཤད་པའི་སྤྱིན་ཤོག་སྒྲ་ཕབ་བྱས་ཤིང་། བོད་ཡིག་པར་གཞི་ལེགས་སྒྲིག་འགྲེམ་སྤེལ་བྱས་པ་ཁག120དང་། སོག་ཡིག་པར་གཞི་ཁག25དང་། རྒྱའི་འགྱུར་ཡིག་ཁག20དང་། རིག་གཞུང་ཆེད་རྩོམ་ཁག20བཅས་ཡོད་པ་མ་ཟད།དེ་ལས་མང་པོ་ཞིག་དབྱིན་ཇིའི་ཡི་གེ་དང་། ཉི་ཧོང་གི་ཡི་གེ ཧྤ་རན་སིའི་ཡི་གེ་སོགས་ཡིག་རིགས་མང་པོར་བསྒྱུར་ནས་འགྲེམ་སྤེལ་བྱས་ཡོད་པ་རེད།
  རིག་གནས་པུའུ་ཡི་འགོ་གཙོ་གཞོན་པའམ་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དབྱང་ཀྲི་ཅིན་ཀྱིས་སྐབས་གསུམ་པའི་བོད་ལྗོངས་རིག་གནས་གླེང་སྟེགས་སྟེང་མཚམས་སྦྱོར་བྱས་པ་སྟེ། གླིང་གེ་སར་རྒྱལ་པོ་ནི་བོད་རིགས་མང་ཚོགས་ཀྱིས་དཔའ་ཞིང་མཛངས་བའི་སྐྱེས་མཆོག་ཅིག་ཏུ་བཀུར་བཞིན་ཡོད་ལ། 《གེ་སར་སྒྲུང》དེ་དམངས་ཁྲོད་ཀྱི་སྒྲུང་པ་རྣམས་ཀྱིས་སྒྲུང་བཤད་པའི་བརྒྱུད་རིམ་ཁྲོད་རིམ་བཞིན་ཕུན་སུམ་ཚོགས་པར་གྱུར་ནས་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་ངག་ཞིག་ཏུ་གྱུར་བ་ཡིན་ཞེས་ཟེར།
  བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཚན་ཁག་གི་འགན་ཁུར་བ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་དུས་རབས20བའི་ལོ་རབས90ནས་བཟུང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་སོགས་ཞིབ་འཇུག་ལས་ཁུངས་ཀྱིས《གེ་སར་སྒྲུང》གི་སྒྲུང་པ་བཙལ་ནས་སྒྲ་ཕབ་དང་ལེགས་སྒྲིག་བྱས་མཐར་མིག་སྔར་བོད་ལྗོངས་སུ་འཚོལ་རྙེད་བྱུང་བའི་སྒྲུང་པ60ལྷག་ཡོད་ཅེས་བཤད་པ་རེད།
  དེ་ལས་སྲིད་ཐར་རྡོ་རྗེ་ལགས་ནི1990ལོར་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་དཔལ་འབར་རྫོང་དུ་སྐྱེས་པ་ཡིན་ཞིང་། ཁོང་སློབ་ཆུང་ལོ་རིམ་གསུམ་པའི་སྟེང《འཇང་གླིང་གཡུལ་འགྱེད》ཀྱི་མཚམས་པ་ཁག་བཤད་ཐུབ་པ་དང་། ད་ལྟ་ཁོས《གེ་སར་སྒྲུང》གི་ཁག40ལྷག་བཤད་ཐུབ་པ་རེད། སྲིད་ཐར་རྡོ་རྗེ་ལགས2010ལོར་མཐོ་རྒྱུགས་ལ་ཞུགས་ནས་བོད་ལྗོངས་སློབ་གྲྭ་ཆེན་མོར་སློབ་གཉེར་བྱས་ལ། ཁོ་ནི《གེ་སར་སྒྲུང》བཤད་པའི་སྒྲུང་པའི་ཁྲོད་མཐོ་རིམ་སློབ་གྲྭ་འགྲིམས་མཁན་ཐོག་མ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།