པེ་ཅིང་རྒྱལ་སྤྱིའི་དཔེ་མཛོད་བཤམས་སྟོན་སྟེང་བོད་ཀྱི་དཔེ་མཛོད་ལ་གཟིགས་མཁན་ཤིན་ཏུ་མང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-07 11:08:00 ཀློག་གྲངས།:


ཨ་རིའིBioOne
ལས་ཁུངས་ནས་ཡོང་བའི་རབ་འབྱམས་པ་སུའུ་ཧྲན་
དང་སྒྲོལ་མ་སྐྱིད་གཉིས་བསམ་བློ་བརྗེ་རེས་བྱེད་བཞིན་པ།
 

            ཉེ་ལམ།  སྐབས་བཅོ་བརྒྱད་པའི་པེ་ཅིང་རྒྱལ་སྤྱི་དཔེ་མཛོད་བཤམས་སྟོན་མཛད་སྒོ་དེ་ཀྲུང་གོའི་རྒྱལ་སྤྱི་བཤམས་སྟོན་ལྟེ་གནས་སུ་སྤེལ་ཞིང་།  སི་ཕེན་དང་འཇར་ཕན།  ཁོ་རེ་ཡ།  འཇར་མན།  ཨུ་རུ་སི་སོགས་རྒྱལ་ཁབ་དང་ས་ཁུལ60ལྷག་གི་པར་སྐྲུན་ལས་ཁུངས2000ལྷག་ཐེངས་འདིའི་བྱ་འགུལ་ལ་ཞུགས་པ་དང་། དེའི་ནང་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོགས་མིང་དུ་གྲགས་པའི་བོད་ཀྱི་དཔེ་སྐྲུན་སྡེ་ཁག་ཚུད་ཡོད་པ་ཡིན།
            བཤམས་སྟོན་ཁངE1ནང་དུ།  བོད་ཀྱི་དཔེ་མཛོད་ཁག་སྟེ《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》དང་།  《བོད་ཀྱི་མཛེས་རྩལ་ལོ་རྒྱུས》།   《བོད་ལྗོངས་ཀྱི་འདས་མ་ད་གསུམ》།   《བོད་ལྗོངས་ཀྱི་རྡོ་བརྐོས་མ་ཎི》སོགས་ཡོད་ཅིང་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།  མགྲོན་པོ་ལ་ལས་ཐ་ན་ལག་ཁུག་སོགས་ཀྱང་ཕར་བཞག་སྟེ་བོད་ཀྱི་དཔེ་མཛོད་ཁག་ལ་བློ་རྩེ་གཅིག་སྒྲིལ་གྱིས་ཀློག་བཞིན་ཡོད་ཅིང་།   མི་རིགས་དཔེ་སྐྲུན་ཁང་གི་བཤམས་སྟོན་དཔེ་གཟིགས་དོ་རའི་འགྲམ་དུ།      ཨ་རིའི་ལུང་ཆིན་དཔེ་སྐྲུན་ཁང་གི་ཅཱའེ་ཤེས་ཁཱ་ཅིན་སི་ལེ་ཡིས་ལོ་ཙཱ་བྱེད་པ་བརྒྱུད་དེ་དཔེ་མཛོད་བཤམས་སྟོན་ཚབ་བྱེད་ཚོང་གཉེར་བར་དཔེ་ཆའི་པར་དབང་གི་སྐོར་གླེང་མོལ་བྱེད་ཀྱིན་འདུག 


སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས《གེ་སར་ཐང་ག་སྟོང་ལྡན》རེས་དེབ་ཆེད་དུ་ངོ་སྤྲོད་བྱེད་པ། 

            སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པའམ་སྤྱི་ཁྱབ་གཙོ་སྒྲིག་པ་ཚེ་བཀྲ་ཡིས་གསར་འགོད་པར་བཤད་རྒྱུར།  ཐེངས་འདིར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་ཆ་སྣ་ཁ80ལྷག་འགྲེམ་སྟོན་བྱས་པ་དང་།  བོད་ཀྱི་དཔེ་མཛོད་སྣ་ཁ20ལྷག་ཡོད་ཅིང་།  ཐེངས་འདིའི་དངོས་མང་བཤམས་སྟོན་ལ་ཞུགས་པ་ནི་གཙོ་ཆེར་ཕྱི་ཕྱོགས་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་འདི་དྲིལ་སྒྲོག་བྱེད་ཆེད་ཡིན་ཏེ།  《གེ་སར་ཐང་ག་སྟོང་ལྡན》དང《བོད་ལྗོངས་བོན་པོའི་ཐང་ག》སོགས་དཔེ་ཆ་བརྒྱད་ལྷག་ཐེངས་འདིར་ཆེད་དམིགས་ངོ་སྤྲོད་བྱེད་པའི་དཔེ་ཆའི་ཁག་ཡིན་ཟེར།  རྒྱུས་ལོན་བྱས་པ་ལྟར་ན།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བྱིས་པའི་དཔེ་ཀློག་ལ་བོད་རྒྱ་ཤན་སྦྱར་གྱི་དཔེ་དེབ37ཡོད་པ་དང་།  ལོ་སྔོན་མའི་རྒྱལ་སྤྱིའི་དཔེ་མཛོད་བཤམས་སྟོན་སྟེང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་ཆ་བརྒྱད་ཀྱི་པར་གཞི་ཚོང་འབྲེལ་ལས་གཞི་མངོན་འགྱུར་བྱུང་བ་རེད། 
            མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་སྡེ་ཁག་གི་སྒྲོལ་མ་སྐྱིད་ཀྱིས་བཤད་རྒྱུར།  ཐེངས་འདིར་མི་རིགས་དཔེ་སྐྲུན་ཁང་གིས་རྒྱལ་ཁབ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་དང་གསར་འགྱུར་པར་སྐྲུན་སྤྱི་ཁྱབ་ལས་ཁུངས་ཀྱི་མངགས་བཅོལ་ལྟར།  དངོས་མང་བཤམས་སྟོན་སྟེང་དཔེ་སྣ་བརྒྱ་ལྷག་འགྲེམ་སྟོན་བྱས་ཤིང་།  དེ་ཡང་ཀྲུང་གོའི་པར་སྐྲུན་ལ་སྲིད་གཞུང་གི་རྟགས་མ་ཐོབ་པའི་དཔེ་མཛོད་ཁག་དང་།  མི་རིགས་ཀྱི་ཁྱད་འཕགས་དཔེ་སྣ་བརྒྱ།  མི་རིགས་ནོར་རྫས་དཔེ་མཛོད་ཁག་བཅས་སུ་དབྱེ་པ་ཡིན་ཟེར།    གསར་འགོད་པས་ཀྱང《སྒྲོལ་མ་བརྒྱ་པ》དང《ཀྲུང་གོའི་བྱིས་ཀློག་དཔེ་དེབ》སོགས་བོད་ཡིག་པར་གཞིའི་དཔེ་སྣ70ལྷག་མཐོང་བྱུང་བ་རེད། 


དཔེ་གཟིགས་བ་ཞིག་གིས་བོད་འབྲེལ་དཔེ་ཆ་ཀློག་བཞིན་པ། 

            ཐེངས་འདིའི་དཔེ་མཛོད་བཤམས་སྟོན་སྟེང་།  བོད་ལྗོངས་ཀྱི་བརྗོད་བྱ་གཙོར་དམིགས་པའི་སྲོལ་རྒྱུན་པར་སྐྲུན་གྱི་མི་རིགས་དཔེ་སྐྲུན་ཁང་འགའ་ལས་གཞན་ད་དུང་གླིང་ལྔའི་དྲིལ་སྒྲོག་དཔེ་སྐྲུན་ཁང་དང་།  པེ་ཅིང་དཔེ་སྐྲུན་ཁང་སོགས་དཔེ་སྐྲུན་ཁང10ལྷག་གིས་ཀྱང་ནང་དོན་མི་གཅིག་པའི་བོད་ཀྱི་དཔེ་མཛོད་བཀྲམས་ཡོད་ཅིང་།   བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་ལས་འཛིན་པས་གསར་འགོད་པར་བཤད་རྒྱུར། འབྲེལ་ཡོད་བོད་རྒྱུད་ནང་བསྟན་དང་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐོར་ལ་གཟིགས་མཁན་ཤིན་ཏུ་མང་སྟབས།   རྒྱལ་ཁབ་ཕྱི་ནང་གི་པར་དབང་ཉོ་མཁན་རྣམས་ལ་མཚོན་ན།  བོད་ལྗོངས་དང་འབྲེལ་བའི་དཔེ་ཆ་ལ་སྤྲོ་བ་ཆེན་པོ་རྒྱས་པ་རེད།  བཅར་འདྲི་བྱེད་པའི་སྐབས་སུ།  ཐེ་ལན་ནས་ཡོང་བའི་ཚོང་བ་ཞིག་གིས་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་གནང་བའི་འབྲེལ་ཡོད་བོད་རྒྱུད་ནང་བསྟན་གྱི་དཔེ་ཆ་ལ་དགའ་མོས་ཆེན་པོ་བྱེད་པས་མྱུར་དུ་འབྲེལ་གཏུག་བྱེད་ཐབས་རྣམས་གསལ་བོར་བཀོད་དེ་རྗེས་ཕྱོགས་སུ་ཚོང་འབྲེལ་བྱེད་པའི་འདོད་བློ་བསྟན་པ་རེད།  
            རྒྱུས་ལོན་བྱས་པ་ལྟར་ན།   ཐེངས་འདིའི་དཔེ་མཛོད་བཤམས་སྟོན་བྱེད་གནས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ53600དང་། ས་གནས་དང་རྒྱལ་ཁབ60ལྷག་གི་པེ་སྐྲུན་སྡེ་ཁག་གིས་རིན་ལྡན་དཔེ་མཛོད་སྣ་ཁ་ཁྲི20ལྷག་བཀྲམས་ཤིང།  པར་སྐྲུན་རྒྱལ་ཁབ་ཆེན་མོ་སྟེ་ཧོ་ལན་རྒྱལ་ཁབ་ནི་མགྲོན་གཙོ་རྒྱལ་ཁབ་ཀྱི་ཐོབ་ཐང་ལས་ཐེངས་འདིའི་བཤམས་སྟོན་ལ་ཞུགས་པ་དང་།  བཤམས་སྟོན་དུས་ཡུན་ཉིན་ལྔ་ཡིན་ལ་ཚེས4ཉིན་དངོས་སུ་མཇུག་སྒྲིལ་པ་རེད།    1986ལོར་བཙུགས་པའི་པེ་ཅིང་རྒྱལ་སྤྱིའི་དཔེ་མཛོད་བཤམས་སྟོན་ནི་ད་ལྟའི་བར་སྐབས་བཅུ་བདུན་ལ་སྤེལ་ཞིང་།  ལོ25ལྷག་གི་གསར་གཏོད་དང་འཕེལ་རྒྱས་བརྒྱུད་འཛམ་གླིང་སྟེང་ཆེས་གལ་ཆེ་བའི་དཔེ་མཛོད་བཤམས་སྟོན་བཞིའི་གྲས་ཀྱི་གཅིག་ཡིན་ནོ།།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།