《ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཀུན་འདུས་ཡུལ་ཤུལ་འཛོམ་ཉག་པོ་ཏི》ལ་པན་ཉིའི་བྱ་དགའ་ཐོབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-09 11:26:00 ཀློག་གྲངས།:


《ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཀུན་འདུས་ཡུལ་ཤུལ་འཛོམ་ཉག་པོ་ཏི》

  ཉེ་སྔོན། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་གཙོ་སྒྲིག་བྱས་པའི་ཀྲུང་གོའི་དམངས་ཁྲོད་ཤུལ་བཞག་རིག་གནས་ཀྱི་མྱུར་སྐྱོབ་ལས་གཞིའི《ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཀུན་འདུས》ཀྱི་མུ་རྒྱུད་དཔེ་ཚོགས་ཏེ《ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཀུན་འདུས་ཡུལ་ཤུལ་འཛོམ་ཉག་པོ་ཏི》ཞེས་པ་ལ་སྐབས62པའི་པན་ཉི་བྱ་དགའི་གསེར་གྱི་རྟགས་མ་ཐོབ་པ་རེད།
  ཀྲུང་གོའི་དམངས་ཁྲོད་ཤུལ་བཞག་རིག་གནས་མྱུར་སྐྱོབ་ལས་གཞི་དེ་སྤྱི་ལོ2005ལོའི་ཟླ8པར་ལག་བསྟར་བྱས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་སྔ་ཕྱིར《ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཀུན་འདུས་སེང་གེ་གཞོངས་ཀྱི་པོ་ཏི》དང《ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཀུན་འདུས་ཡུལ་ཤུལ་འཛོམ་ཉག་པོ་ཏི》གཉིས་ཀྱི་རྩོམ་སྒྲིག་དང་འགྲེམ་སྤེལ་གྱི་བྱ་བ་ལེགས་འགྲུབ་བྱུང་ཞིང་། པོ་ཏི་འདིའི་ནང་དུ་ཡུལ་ཤུལ“4.14”མ་བྱུང་སྔོན་གྱི་འཛོམ་ཉག་ཐང་གའི་ཡིག་ཆ་འགངས་ཆེན་དག་བཀོད་ཡོད་ལ། འདིས་ཡུལ་ཤུལ་ས་ཁུལ་དུ་ཡོད་པའི་བོད་ཀྱི་ཐང་གའི་སྒྱུ་རྩལ་སྲུང་སྐྱོབ་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་རེད།
  ཨ་མེ་རི་ཁའི་པན་ཉིའི་བྱ་དགའ་ནི་ཨ་རིའི་པར་སྐྲུན་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཙུགས་པའི་པར་སྐྲུན་ལས་རིགས་ཀྱི་བྱ་དགའ་ཆེན་མོ་ཞིག་ཡིན་ཞིང་། འཛམ་གླིང་གི་པར་སྐྲུན་ཁུངས་ཀྱི“ཨོ་སི་ཁའི་གསེར་བརྙན་རྟགས་མ”ཞེས་པའི་མཚན་སྙན་གསོལ་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།