རྩེ་ཁོག་མི་རིགས་སློབ་འབྲིང་དང་པོའི་ཉལ་ཁང་ལེགས་འགྲུབ་བྱུང་ཞིང་སློབ་མར་རོགས་སྐྱོར་བྱེད་པའི་མཛད་བསྡུས་པ
ཟླ9ཚེས6ཉིན། སྐུ་ཞབས་དགེ་འདུན་བཟང་བོས་ཞལ་འདེབས་ཕུལ་ཏེ་འཛུགས་སྐྲུན་བྱས་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་མའི་ཉལ་ཁང་ཐོག་ཁང་ལེགས་འགྲུབ་བྱུང་བ་དང་སློབ་མར་རོགས་སྐྱོར་བྱེད་པའི་མཛད་སྒོ་རྩེ་ཁོག་རྫོང་ནས་གཟབ་རྒྱས་ངང་བསྡུས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་དང་། སྲིད་གྲོས་ཨུ་ཡོན་དགེ་འདུན་བཟང་བོ། ཞང་ཀང་གི་གཅེས་སེམས་འབུལ་མཁན་དང་རྩེ་ཁོག་རྫོང་གི་འབྲེལ་ཡོད་མི་སྣ་བཞི་བཅུ་ལྷག་མཛད་སྒོར་ཞུགས་པ་རེད།
སྐུ་ཞབས་དགེ་འདུན་བཟང་བོས་ཞལ་འདེབས་ཕུལ་ཏེ་ལས་པའི་སློབ་མའི་ཉལ་ཁང་ཐོག་ཁང་ལེགས་འགྲུབ་བྱུང་བ་དེས། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་མ་རྣམས་ལ་ཉལ་ཁང་མི་འདང་བའི་གནད་དོན་ཐག་གཅོད་བྱས། མཛད་སྒོའི་སྟེང་ཁོས་སློབ་གྲོགས་རྣམས་ཀྱིས་མུ་མཐུད་དུ་གོ་སྐབས་དམ་འཛིན་དང་། དཀའ་ངལ་ཆེར་བསྐྱེད་སྒོས་མི་སྣ་འཇོན་ཐང་ཅན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱས་ནས། མ་འོངས་པར་ཕ་ཡུལ་གྱི་མི་དམངས་ལ་ཞབས་འདེགས་བཟང་་པོ་ཞུ་དགོས་པའི་རེ་བ་བཏོན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com