ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > མི་རིགས་སྐད་ཡིག་ལོ་ཙཱ་བྱ་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་ཞི་ཁྲང་ནས་བསྡུས་པ།
མི་རིགས་སྐད་ཡིག་ལོ་ཙཱ་བྱ་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་ཞི་ཁྲང་ནས་བསྡུས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2011-09-13 11:00:00
ཀློག་གྲངས།:
ཉེ་སྔོན། རྒྱལ་ཁབ་ཀྱི་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མི་རིགས་སྐད་ཡིག་གམ་མི་རིགས་སྐད་ཡིག་ལོ་ཙཱ་བྱ་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་དེ་སི་ཁྲོན་ཞིང་ཆེན་ཞི་ཁྲང་གྲོང་ཁྱེར་ནས་བསྡུས་ཤིང་། རྒྱལ་ཁབ་ཀྱི་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་པུའུ། དེ་མིན་ནང་སོག་དང་། ལའོ་ཉིན། ཧོ་ནན། སི་ཁྲོན། ཡུན་ནན། བོད་ལྗོངས། ཀན་སུའུ། མཚོ་སྔོན། ཞིན་ཅང་སོགས་ཀྱི་མི་རིགས་སྐད་ཡིག་དང་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བ་གཉེར་བའི་འགོ་ཁྲིད་དང་ཆེད་མཁས་པ་སོགས་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སི་ཧྥ་ཁྲིན་གྱིས་སྣེ་ཁྲིད་དེ་མི་རིགས་སྐད་ཡིག་ཁྲུའུ་དང་། ཞིང་ཆེན་སྲིད་གཞུང་གི་ལོ་ཙཱ་གཞུང་ལས་ཁང་། མཚོ་ལྷོ། རྨ་ལྷོ་བཅས་ཀྱི་མི་རིགས་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་རྣམས་ཐེངས་འདིའི་ཉམས་མྱོང་བརྗེ་རེས་ཀྱི་ཚོགས་འདུར་ཞུགས་པ་རེད།
རྒྱལ་ཁབ་ཀྱི་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སློབ་གསོ་ཟིའི་ཟི་ཀྲང་ཐཱན་ལེན་ཀང་གིས་ཚོགས་ཐོག་ཏུ་བསྟན་དོན། ཐེངས་འདིའི་ཚོགས་འདུ་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”འཆར་བཀོད་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་འདིའི་མི་རིགས་སྐད་ཡིག་དང་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བའི་ཚོགས་ཆེན་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས2010ལོར《གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་དོ་དམ་བྱ་བའི་བསམ་འཆར་ལེགས་པོར་སྤེལ་བའི་སྐོར་གྱི་བསམ་འཆར》དང་།《མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བའི་ཁྲིད་སྟོན་བསམ་འཆར་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ཁྱབ་བསྒྲགས་བྱས་པའི་རྗེས་སུ་བསྡུས་པའི་རྒྱལ་ཡོངས་རང་བཞིན་གྱི་མི་རིགས་སྐད་ཡིག་དང་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བར་རྟོག་ཞིབ་བྱེད་པའི་ཚོགས་འདུ་དང་པོ་ཡིན་པས་དོན་སྙིང་ཆེན་པོ་ལྡན་ཞེས་བཤད། དེ་མ་ཟད་ཁོང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་མི་རིགས་དང་མི་རིགས་སྐད་ཡིག་བྱ་བའི་ལས་ཁུངས་ཀྱིས་སྔར་ལས་ལྷག་པར་མི་རིགས་སྐད་ཡིག་བྱ་བའི་གལ་ཆེན་རང་བཞིན་རྟོགས་དགོས་པ་དང་། དེང་སྐབས་རང་རྒྱལ་གྱི་མི་རིགས་སྐད་ཡིག་བྱ་བའི་ཁྲོད་ཀྱི་གཙོ་གནད་དང་ཤུགས་འདོན་ས་དམ་པོར་འཛིན་དགོས་ཤིང་། མི་རིགས་སྐད་ཡིག་དང་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བ་ལེགས་པོར་བསྒྲུབ་དགོས་ལ། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་ཞབས་ཞུ་ལེགས་པོར་བསྒྲུབ་དགོས་ཞེས་བཤད་པ་རེད།
ཀྲུང་དབྱང་མི་རིགས་སྐད་ཡིག་ལོ་ཙཱ་གཞུང་ལས་ཁང་དང་། ནང་སོག ཀོང་ཞི། ཀོས་ཀྲིག ཡུན་ནན། བོད་ལྗོངས། མཚོ་སྔོན། ཞིན་ཅང་བཅས་ཀྱི་འཐུས་མི་རྣམས་ཀྱིས་ཉམས་མྱོང་ཐད་ཀྱི་གཏམ་བཤད་གནང་ཞིང་། ཁོང་ཚོས་རང་ས་གནས་དང་རང་ལས་ཁུངས་ཀྱིས་མི་རིགས་སྐད་ཡིག་དང་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བའི་ཐད་ལ་བླངས་པའི་གྲུབ་འབྲས་མཚམས་སྦྱོར་དང་། ཉམས་མྱོང་སྤྱི་སྡོམ། བྱ་བའི་ཁྲོད་ཀྱི་གནད་དོན་དང་དཀའ་ཁག་སོགས་བཏོན་པ་རེད།
ཚོགས་འདུའི་ཐོག་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བ་ནི་ཏང་དང་རྒྱལ་ཁབ། དེ་མིན་འབྲེལ་ཡོད་ཀྱི་ས་གནས་སྲིད་གཞུང་གིས་གྲངས་ཉུང་མི་རིགས་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུ་ཡིན་ཞིང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྤེལ་བྱེད་པའི་ལག་ཆ་ལྟ་བུར་གྱུར་བས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་ཏང་གི་སྲིད་ཇུས་དང་བྱེད་ཕྱོགས་ཁྱབ་སྒྲོག་དང་། ཚན་རིག་རིག་གནས་བརྒྱུད་སྒྲོག མི་རིགས་གཞན་གྱི་ཕུལ་བྱུང་རིག་གནས་ཁྱབ་སྒྲོག མི་རིགས་སོ་སོའི་བར་གྱི་ཕན་ཚུན་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་ལ་སྐུལ་སྤེལ་བྱེད་པ་བཅས་ཀྱི་འགན་ཁུར་གཙོ་བོ་ཕྲག་ཏུ་བབས་ཡོད་ལ།ས་གནས་སོ་སོས་ཐེངས་འདིའི་ཚོགས་འདུ་འདི་གོ་སྐབས་གསར་བ་དང་འགོ་ཚུགས་ས་གསར་བ་ཞིག་ཏུ་བཟུང་ནས་ཚན་རིག་གི་འཕེལ་རྒྱས་ལྟ་བ་དངོས་འབེབས་དང་། ཏང་དང་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་སྐད་ཡིག་ཐད་ཀྱི་སྲིད་ཇུས་དང་སྒྲིག་ཁྲིམས་ལག་བསྟར་བྱས་ནས་མུ་མཐུད་དུ་བྱ་བའི་རྣམ་པ་གསར་བ་བསྐྲུན་ཏེ་ས་གནས་ཀྱི་སྲིད་འབྱོར་རིག་གསུམ་གྱི་འཛུགས་སྐྲུན་དང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་འཛུགས་སྐྲུན་ལ་ཞབས་ཞུ་ལེགས་པོར་བསྒྲུབ་དགོས། བཅོས་སྒྱུར་དང་གསར་གཏོད་ཀྱི་བྱ་བར་ཤུགས་བསྣན་ནས་མི་རིགས་སྐད་ཡིག་ལོ་ཙཱ་བྱ་བ་སྒྲུབ་མཁན་གྱི་བྱང་ཚད་མཐོར་འདེགས་དང་། མི་རིགས་སྐད་ཡིག་གི་བརྡ་འཕྲིན་ཅན་གྱི་འཕེལ་རྒྱས་བྱ་བ་ཇེ་ལེགས། ཉམས་ཉེན་ཆེ་བའི་མི་རིགས་སྐད་ཡིག་གི་མྱུར་སྐྱོབ་དང་སྲུང་སྐྱོབ་བྱ་བ་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ་འཆམ་མཐུན་མཉམ་སྤེལ་གྱི་སྐད་ཡིག་གི་འཚོ་བའི་ཁོར་ཡུག་ཞིག་བསྐྲུན་པ་དང་། མི་རིགས་སོ་སོ་མཐུན་སྒྲིལ་དང་འཕེལ་རྒྱས་འབྱུང་བར་སྐུལ་སྤེལ་བྱེད་དགོས་ཞེས་བསྟན་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།