བོད་ལྗོངས་ཀྱིས་སྲོལ་རྒྱུན་རིག་གནས་འཛིན་སྤེལ་ལེགས་པོ་བྱས་པ།
《གེ་སར་སྒྲུང》ནི་གསོན་ཤུགས་ལྡན་ཞིང་ངེས་གཏན་གྱི་མ་ཕྱི་མེད་པའི་ལོ་རྒྱུས་སྙན་ངག་རིང་མོ་ཞིག་ཡིན་པ་དང་། དམངས་ཁྲོད་ཀྱི་སྒྲུང་པས་སྒྲུང་བཤད་པའི་བརྒྱུད་རིམ་ཁྲོད་མུ་མཐུད་དུ་ཕུན་སུམ་ཚོགས་པར་གྱུར་བའི་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་ངག་ཅིག་ཡིན།
ཡིན་ན་ཡང་། ལོ་རྒྱུས་སྙན་ངག་གྲགས་ཅན་འདི་ནི་དམངས་ཁྲོད་ཀྱི་སྒྲུང་པའི་ངག་ནས་བརྒྱུད་པ་དང་། དམངས་ཁྲོད་དུའང་པར་གཞི་བྲིས་མ་མང་པོ་ཞིག་མི་འདུག་པས་རྒྱུན་ཆད་པའི་ཉེན་ཁ་ཡོད་པ་རེད། 《གེ་སར་སྒྲུང》གི་མྱུར་སྐྱོབ་དང་ལེགས་སྒྲིག་བྱེད་པའི་ལས་ཀ་ནི་དུས་རབས་སྔོན་མའི་ལོ་རབས80པར་རྒྱལ་ཁབ་ཀྱི་ལས་གཞི་གཙོ་བོའི་གྲས་སུ་བཞག་ནས་མི་ཤུགས་དང་རྒྱུ་ཤུགས་ཆེན་པོ་བཏོན་པ་རེད།
བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཁང་གི་འགན་ཁུར་བ་ཚེ་རིང་ཕུན་ཚོགས་ཀྱིས་བཤད་རྒྱུར་དུས་རབས་སྔོན་མའི་ལོ་རབས80ནས་བཟུང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་བོད་ལྗོངས་སློབ་གྲྭ་ཆེན་མོ་སོགས་རིག་གཞུང་ལས་ཁུངས་ཀྱིས《གེ་སར་སྒྲུང》གི་སྒྲ་ཕབ་ལེགས་སྒྲིག་བྱས། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་དམངས་ཁྲོད་ཀྱི་སྒྲུང་པ57ལྷག་འཚོལ་རྙེད་བྱུང་བ་མ་ཟད། དེ་ལས་སྒྲུང་པ15ཡིས་བཤད་པའི《གེ་སར་སྒྲུང》གི་སྒྲ་ཕབ་ཀྱི་ཆུ་ཚོད5000ལས་བརྒལ་བ་རེད།
མཚམས་སྦྱོར་བྱས་པ་ལྟར་ན། བོད་ལྗོངས་ཀྱི་ཁོངས་སུ་སྒྲུང་པ་རྣམས་ཀྱིས་སྒྲུང་བཤད་པ་ལྟར《གེ་སར་སྒྲུང》གི་དེབ49ལྷག་སྒྲ་ཕབ་དང་ལེགས་སྒྲིག་བྱས་ནས་པར་སྐྲུན་བྱས་པ་རེད། དེ་ལས་གཞན་པར་གཞི་རྙིང་བ་དང་བྲིས་མ་ལྟར་ཁག32ལྷག་ལེགས་བསྒྲིགས་པར་སྐྲུན་བྱས། དེ་བས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་ཀྱི“མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་བརྩམས་ཆོས་ཀྱི་མཚན་ཐོའི”ནང་དུ་བཞག་པའི《གེ་སར་སྒྲུང》ལ་སྲུང་སྐྱོབ་དང་བརྒྱུད་འཛིན་ལེགས་པོ་བྱས་པ་རེད།
བོད་སྨན་སྡེབ་སྦྱོར་གྱི“མན་ངག”བརྒྱུད་འཛིན་པ་བཅུ་གསུམ་མམ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་གཙོ་ཉི་མ་ཚེ་རིང་གིས“ལྷ་སའི་བྱང་ལུགས་ཀྱི་དངུལ་ཆུས་བཙོ་བཀྲུ”ཞེས་པའི་ལག་རྩལ་ཐད་བརྩམས་ཆོས་རྩོམ་པ་དང་སློབ་ཁྲིད་བྱེད་པ་སོགས་བྱས་ནས་ལེགས་པོར་བརྒྱུད་འཛིན་བྱས་པས་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བརྒྱུད་འཛིན་པའི་གྲས་སུ་བཞག་པ་རེད།
མིག་སྔར། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་རོལ་དབྱངས་དང་། སྲོལ་རྒྱུན་རོལ་དབྱངས། ཟློས་གར། པང་ཁེབས་འཐག་བཟོ་སོགས་བོད་ལྗོངས་ལ་བསྡོམས་པས་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་ཆོས60ལྷག་དང་། རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བརྒྱུད་འཛིན་པ53ཡོད་པ་རེད།
ཨ་ལགས་ཨ་མགོན་ཚང་ནི་འབྲི་གུང་བོད་སྤོས་བཟོ་སྐྲུན་བྱེད་པའི་བརྒྱུད་འཛིན་པ་དང་རྒྱལ་ཁབ་རིམ་པའི་བརྒྱུད་འཛིན་པ་ཡིན་ལ། ཁོང་གིས་བོད་སྤོས་ནི་ཕ་མེས་ཡང་མེས་རྣམས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་ཟེར།
རྒྱུས་ལོན་པ་ལྟར་ན་ལོ་ངོ30རིང་ལ། བོད་ལྗོངས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་དམངས་ཁྲོད་ཀྱི་ཟློས་གར་དང་། རོལ་མོ། དམངས་གླུ། གཏམ་དཔེ་སོགས་རྩོམ་རིག་སྒྱུ་རྩལ་འཚོལ་སྡུད་དང་ལེགས་སྒྲིག་བྱས་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་ཆ་ཡིག་འབྲུ་བྱེ་བ3ལྷག་བསྒྲིགས་པ་དང་། བོད་རིགས་སྲོལ་རྒྱུན་རིག་གནས་ཀྱི་རིག་གཞུང་དཔྱད་རྩོམ་སྟོང་གཅིག ཆེད་རྩོམ30ལྷག་འགྲེམ་སྤེལ་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com