བསང་ཆུ་རྫོང་བོད་རིགས་སློབ་འབྲིང་གིས་རྒྱུགས་འབྲས་ལེགས་པོ་བླངས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-16 11:37:00 ཀློག་གྲངས།:
  2011ལོའི་མཐོ་རྒྱུགས་ཁྲོད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་གི་མཐོ་གསུམ་གྱི་སློབ་མ129ཡོངས་ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་ཆེན་མོས་བསྡུས་པ་རེད། སློབ་གྲྭ་འདིའི་སྤྱིའི་སློབ་རིམ་འཕར་ཚད་དང་དངོས་གཞིར་སློབ་རིམ་འཕར་ཚད100%ལ་སླེབས་ཤིང་། རང་བྱུང་ཚན་རིག་ཚན་ཁག་གི་སློབ་རིམ་འཕར་ཚད100%ལ་སླེབས་པས། འདི་ནི་སློབ་གྲྭ་བཙུགས་པ་ནས་བཟུང་མཐོ་རྒྱུགས་ཀྱི་རྒྱུགས་འབྲས་ཆེས་ལེགས་པའི་ཐེངས་ཤིག་རེད།
  བསང་ཆུ་རྫོང་བོད་རིགས་སློབ་འབྲིང་ནི་སྤྱི་ལོ1982ལོར་བཙུགས་ལ། འདི་ནི་བོད་རིགས་སློབ་མ་གཙོ་བྱས་པ་དང་། བསླབ་བྱའི་སྒྲིག་གཞི་གཙོ་བོ་བོད་ཡིག་བྱས་པའི་བོད་རྒྱ“སྐད་གཉིས”ཀྱིས་སློབ་ཁྲིད་བྱེད་པའི་ཁར། དབྱིན་ཡིག་སློབ་ཁྲིད་བྱེད་པའི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན་པ་རེད། ད་ལོའི་བར་དུ་སློབ་གྲྭའི་དམའ་འབྲིང་དང་མཐོ་འབྲིང་གི་མཐར་ཕྱིན་སློབ་མ5000ལྷག་སྐྱེད་སྲིང་བྱས་ཤིང་། དེའི་ཁྲོད་སློབ་མ1640ལྷག་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་མཐོ་རིམ་སློབ་གྲྭ་བཅུ་ལྷག་གིས་བསྡུས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།