དཀར་མཛེས་ཁུལ་སྡེ་རོང་རྫོང་ཨོཾ་བརྒྱ་དགོན་པར་རྩ་ཆེ་བའི་རིག་དངོས་རྙེད་པ།

རྩོམ་པ་པོ།:གངས་དབང་། ཡོང་ཁུངས།:ཁམས་པའི་གསར་འགྱུར་དྲ་བ། དུས་ཚོད།:2011-09-17 11:47:00 ཀློག་གྲངས།:

              རང་རྒྱལ་གྱི་གནའ་རྫས་རྟོག་དཔྱོད་མཁས་ཅན་ཝུན་ཡུན་ཁྲེང་དང་དཀར་མཛེས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དཀོན་མཆོག་རྡོ་རྗེ་བཅས་ཀྱིས་སྡེ་རོང་རྫོང་ཨོཾ་བརྒྱ་དགོན་པར་རྟོག་ཞིབ་གནང་སྐབས་བྲག་ཕུག་གི་གཡོན་ངོས་སུ་ཡོན་རྒྱལ་རབས་ཀྱི་མཇུག་དང་མིང་རྒྱལ་རབས་ཀྱི་འགོའི་དུས་སུ་བརྐོས་པའི་སློབ་དཔོན་པད་མ་འབྱུང་གནས་ཀྱི་བརྐོས་རིས་མཐོ་ཚད་ལི་སྨི60དང་ཞེང་ཚད་ལི་སྨི45ཅན་ཞིག་རྙེད་པ་དེས་དགོན་པ་དེ་ཐོག་མར་རྙིང་མ་པ་ཡིན་པའི་བདེན་དཔང་བྱས་ཤིང་། རྗེས་སུ་བཀའ་བརྒྱུད་པ་ལ་བསྒྱུར་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།