བོན་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་བསྡུས་པ།
ཚོགས་འདུར་ཞུགས་པའི་བོད་ཀྱི་ཆེད་མཁས་པ་གྲགས་ཅན།
སྤྱི་ལོ2011ལོར་སྤྱི་ཟླ་དགུ་བའི་ཚེས9ནས10བར་ཉིན་གཉིས་ཀྱི་རིང་ལ་དབྱིན་ཇི་རྒྱལ་ཁབ་ཀྱི་རྒྱལ་ས་ལོན་ཏུན་དུ་ཡོད་པའི་སློབ་གྲ་ཆེན་མོའི་ཚན་ཁག་ཤར་དང་ཨ་པྷ་རི་ཀེན་གྱི་སློབ་གཉེར་ཁང(School of Oriental and African Studies, University of London)གི་དགེ་རྒན་ཆེན་མོ་བ་སྐུ་ཞབས་ནན་ཐན་ཧི་ལི(Nathan Hill) མཆོག་གིས་ཞིབ་འཇུག་པ་ཉེར་ལྔ་གདན་འདྲེན་ཞུས་ནས་རྒྱལ་སྤྱིའི་ཚོགས་འདུ་ཞིག་འཚོགས་པ་རེད། དེའི་དམིགས་ཡུལ་ནི་སྤྱི་ལོ2011ལོར་སློབ་གཉེར་ཁང་དེར་བོན་གྱི་ཞིབ་འཇུག་གི་སློབ་གཉེར་བཙུགས་ནས་ལོ་ངོ50འཁོར་བ་དང་ནུབ་ཕྱོགས་སུ་བོད་ཀྱི་ཞིབ་འཇུག་གི་སློབ་གཉེར་བཙུགས་ནས་ལོ་ངོ60འཁོར་བ་དང་ལོན་ཏུན་དུ་ཞང་ཞུང་གི་སློབ་གཉེར་ཁང་བཙུགས་པའི་རྟེན་འབྲེལ་གྱི་མཛད་སྒོ་སྐྱོང་བའི་ཆེད་དུ་ཡིན།
ཚོགས་འདུ་དེར་འཛམ་གླིང་དུ་གྲགས་ཅན་གྱི་ཞིབ་འཇུག་པ་མཁས་པ་ཉེར་ལྔས་བོན་དང་ཞང་ཞུང་གི་རྒྱལ་ཁབ་སྐོར་དང་དེ་འབྲེལ་གྱི་བོད་ཀྱི་ཆེས་སྔ་བའི་ལོ་རྒྱུས་དང་ཤེས་རིག་སྐོར་གསུང་བཤད་དང་གྲོས་མོལ་རྒྱ་ཆེར་གནང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com