མཚོ་སྔོན་ཞིང་ཆེན་གྱི“རྒྱལ་ཡོངས་ཚན་རིག་ཁྱབ་སྤེལ་ཉིན་མོ”ཞེས་པའི་བྱ་འགུལ་གསེར་ཆེན་རྫོང་ནས་སྤེལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-19 11:00:00 ཀློག་གྲངས།:

            ཉེ་ལམ།   མཚོ་སྔོན་ཞིང་ཆེན་གྱི2011ལོའི“རྒྱལ་ཡོངས་ཚན་རིག་ཁྱབ་སྤེལ་ཉིན་མོ”ཞེས་པའི་ཡན་ལག་ཚོགས་ར་དང་ཀྲུང་གོའི་འགུལ་སྐྱོད་ཚན་རྩལ་འགྲེམ་སྟོན་ལས་གསེར་ཆེན་རྫོང་གི་བྱ་འགུལ་དེ་མཚོ་སྔོན་པོ་ཐང་ཆེན་དུ་སྤེལ་ཞིང་།    ཞིང་ཆེན་དང་ཁུལ།  རྫོང་སོགས་ཚན་རྩལ་ལས་ཁུངས་ཀྱིས་ཚན་རིག་ཁྱབ་སྤེལ་ཟློས་གར་འཁྲབ་སྟོན་རྩ་འཛུགས་དང་།   ཚན་རིག་ཁྱབ་སྤེལ་འགྲེམ་སྟོན།   ཡུལ་དངོས་སུ་བློ་འདྲི་བ།  ཚན་རིག་ཁྱབ་སྤེལ་དཔེ་དེབ་འགྲེམ་པ།  ཡིག་ཆ་དྲིལ་སྒྲོག་སོགས་རྒྱ་ཆེར་སྤེལ་པ་རེད།
འདིས་མང་ཚོགས་ལ་ཚན་རིག་ལག་རྩལ་གྱི་འདུ་ཤེས་དང་ཚན་རིག་ཁྱབ་སྤེལ་འདུ་ཤེས་ཟབ་མོ་སྦྱིན་ཐུབ་པ་དང་གྲུབ་འབྲས་མི་དམན་པ་ཐོབ་ངེས་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།