མཚོ་ལྷོ་ཁུལ་དུ་སློབ་སྐྱོར་ཞལ་འདེབས་ཕུལ་བའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-29 11:19:00 ཀློག་གྲངས།:


ཞལ་འདེབས་ཕུལ་བའི་མཛད་སྒོ་བསྡུ་བ།

  ཟླ9བའི་ཚེས27ཉིན། ཀྲུང་གོའི་ལུས་རྩལ་པའི་ཐེབས་རྩ་ཚོགས་པ་དང་པེ་ཅིང་ཅུན་ཐའེ་ཁྲིམས་རྩོད་པའི་དོན་གཅོད་ཁང་གིས་སློབ་སྐྱོར་ཞལ་འདེབས་ཕུལ་བའི་མཛད་སྒོ་མཚོ་ལྷོ་ཁུལ་ཚོགས་འདུ་ལྟེ་གནས་ནས་བསྡུས། པེ་ཅིང་གྲོང་ཁྱེར་ཅུན་ཐའེ་ཁྲིམས་རྩོད་པའི་དོན་གཅོད་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་མཐོ་རིམ་མཉམ་སྡེབ་པ་ཙུག་ཡེ་དང་། ཀྲུང་གོ་ལུས་རྩལ་པའི་ཐེབས་རྩ་ཚོགས་པའི་འཐུས་མི། མཚོ་ལྷོ་ཁུལ་སློབ་གསོ་ཅུའུ། གསེར་ཆེན་རྫོང་སློབ་གསོ་ཅུའུ། མཚོ་ལྷོ་ཁུལ་གྱི་སློབ་གྲྭ་སོ་སོའི་དགེ་སློབ་དང་ཁྱིམ་བདག་འཐུས་ཚབ་པ་སོགས་ཞལ་འདེབས་ཕུལ་བའི་མཛད་སྒོ་ལ་ཞུགས་པ་རེད།


པེ་ཅིང་གྲོང་ཁྱེར་ཅུན་ཐའེ་ཁྲིམས་རྩོད་པའི་དོན་གཅོད་ཁང་གི་ཁྲིམས་རྩོད་པ་ཙུག་ཡེས་གསུང་བཤད་གནང་བཞིན་པ།

  མཛད་སྒོའི་སྟེང་སྐུ་ཞབས་ཙུག་ཡེ་ལགས་ཀྱིས་རོགས་སྐྱོར་ཐོབ་པའི་སློབ་གྲོགས་རྣམས་ཀྱིས་ཕུགས་འདུན་ཆེན་པོ་བཅངས་ཏེ་སློབ་སྦྱོང་ལ་འབད་འབུངས་དང་། ཡར་བརྩོན་ལྷུར་ལེན། ཚུལ་མཐུན་རང་གཅུན་གྱི་སློབ་མ་མཆོག་ཏུ་གྱུར་བ་ཞིག་བྱེད་དགོས་པའི་རེ་བ་བཏོན་པ་རེད།
  ཀྲུང་གོའི་ལུས་རྩལ་པའི་ཐེབས་རྩ་ཚོགས་པ་དང་པེ་ཅིང་གྲོང་ཁྱེར་ཅུན་ཐའེ་ཁྲིམས་རྩོད་པའི་དོན་གཅོད་ཁང་གི“གཅིག་ཁ་གཅིག་གཏད”གྱི་སློབ་སྐྱོར་ཞལ་འདེབས་ཕུལ་བའི་དམིགས་བསལ་ས་ཁུལ་ཏེ་མཚོ་ལྷོ་ནི་ཞལ་འདེབས་ཕུལ་བའི་མཛད་སྒོ་བསྡུས་པའི་ས་ཁུལ་དྲུག་པ་རེད། ཐེངས་འདིར་མཚོ་ལྷོ་ཁུལ་ལ་སྤྱིའི་རིན་གོང་སྒོར་ཁྲི64ཡོད་པའི་ལི་ཉིན་རྟགས་ཅན་དང2008ལོའི་པེ་ཅིང་ཨོ་ཡོན་གྱིས་ཆེད་དུ་འདོན་སྤྲོད་བྱས་པའི་གོན་པ་དང་ལྷམ་སོགས་ཞལ་འདེབས་སུ་ཕུལ།


མཚོ་ལྷོ་ཁུལ་སློབ་གསོ་ཅུའི་ཅུའུ་ཀྲང་གཞོན་པ་ཙུང་ཀོ་ཞོས་གསུང་བཤད་གནང་བཞིན་པ།

ཞལ་འདེབས་ཕུལ་བའི་མཛད་སྒོའི་ཡུལ་དངོས།

  མཇུག་མཐར་མཚོ་ལྷོ་ཁུལ་སློབ་གསོ་ཅུའི་ཅུའུ་ཀྲང་གཞོན་པ་ཙུང་ཀོ་ཞོས་མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་དང་མཚོ་ལྷོ་ཁུལ་གྱི་དགེ་སློབ་རྣམས་ཀྱི་ཚབ་བྱས་ཏེ་ཀྲུང་གོའི་ལུས་རྩལ་པའི་ཐེབས་རྩ་ཚོགས་པ་དང་། པེ་ཅིང་གྲོང་ཁྱེར་ཅུན་ཐའེ་ཁྲིམས་རྩོད་པའི་དོན་གཅོད་ཁང་གཉིས་ཀྱིས་ཞལ་འདེབས་ཕུལ་བར་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ། ཞལ་འདེབས་སུ་ཕུལ་བའི་གོན་པ་རྣམས་རོགས་སྐྱོར་ལ་རེ་བའི་སློབ་མ་རྣམས་ཀྱི་ལག་ཏུ་སྤྲོད་རྒྱུའི་ཁས་ལེན་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།