བོད་ཀྱི་ཞིང་འབྲོག་ཁུལ་དུ་སྐད་གཉིས་ཀྱི་བྱིས་པའི་སློབ་གཞི་སྤྱོད་འགོ་ཚུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། དུས་ཚོད།:2011-10-01 10:24:00 ཀློག་གྲངས།:

        ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། 2010ལོའི་ལོ་སྨད་ནས་རྩོམ་འགོ་ཚུགས་པའི་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྐད་གཉིས་ཀྱི་བྱིས་པའི་སློབ་གཞི་དེ་འདི་ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་རྗེས་སྤྱོད་འགོ་ཚུགས་རྒྱུ་རེད།
        སློབ་གཞི་དེ་སྤྱོད་རྒྱུར་སྐུལ་འདེད་གཏོང་ཆེད་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ཞིང་འབྲོག་ཁུལ་གྱི་སྐད་གཉིས་ཀྱི་བྱིས་པའི་དགེ་རྒན་གསོ་སྦྱོང་བྱས་པ་རེད། དགེ་རྒན་དེ་དག་གིས་ད་དུང་རང་ཉིད་གནས་སའི་ས་ཁུལ་གྱི་སྐད་གཉིས་ཀྱི་སློབ་གཞི་སྤྱོད་རྒྱུའི་བྱིས་པའི་དགེ་རྒན་གཞན་གསོ་སྦྱོང་བྱ་རྒྱུའི་ལས་འགན་ཁུར་རྒྱུ་རེད།
        སྐད་གཉིས་ཀྱི་སློབ་གསོ་ཧུར་ཐག་སྤེལ་བ་དེས་གྲངས་ཉུང་མི་རིགས་ཀྱི་བྱིས་པའི་རྒྱ་ཡིག་ཐོག་ནས་སྤེལ་རེས་བྱེད་པའི་ནུས་པ་གསོ་སྐྱོང་ཐུབ་ནས་བྱིས་པས་སྤྱི་སྐད་རྒྱུས་མངའ་ལོན་པ་དང་། གོ་ཐུབ་རྒྱུ། ཤོད་རྒྱུ་བཅས་ལ་རོགས་རམ་ཐུབ་རྒྱུ་མ་ཟད་བྱིས་པས་བོད་ཡིག་སློབ་སྦྱོང་བྱ་རྒྱུར་ཡང་རོགས་རམ་ཐུབ་ནས་བྱིས་པའི་སྐད་ཡིག་གི་ནུས་པ་ཆེ་རུ་འགྲོ་རྒྱུ་རེད།
        ཁྱིམ་བདག་སྒྲོལ་མས“ང་ཚོས་ད་ཆ་བོད་སྐད་མང་པོ་ཞིག་ཤོད་ཤེས་པ་ལས་ཡི་གེ་འབྲི་མི་ཤེས་པས་ཕྲུ་གུར་སློབ་ཐབས་བྲལ་བ་དང་སློབ་གྲྭར་བརྟེན་ནས་ཁོང་ཚོར་སློབ་རྒྱུ་ལས་མ་འདས། དེ་འདྲ་བྱས་ན་ཡག་པོ་ཡོང་བ་འདུག”ཅེས་བཤད།
        ཁྱིམ་བདག་ཚེ་རིང་བསོད་ནམས་ཀྱིས“ཕྲུ་གུར་རྒྱ་ཡིག་སློབ་རྒྱུ་དེ་གལ་ཆེན་པོ་རེད། འབྱུང་འགྱུར་གོ་སྐབས་བྱུང་ཚེ་ཁོང་ཚོ་མེས་རྒྱལ་གྱི་ས་ཆ་གཞན་དུ་བལྟ་བར་ཁྲིད་རྒྱུ་ཡིན། རྒྱ་ཡིག་མ་སྦྱངས་པར་ཕྱི་ལ་བསྐྱོད་ནས་སྤེལ་རེས་བྱ་རྒྱུ་ཧ་ཅང་ཁག་པོ་རེད་བསམ་གྱི་འདུག”ཅེས་བཤད།
        མིག་སྔར་བོད་དུ་སློབ་ཞུགས་གོང་གི་སྐད་གཉིས་ཀྱི་བྱིས་གསོ་ཁང་འཛུགས་སྐྲུན་གྱི་མ་དངུལ་སྒོར་ཁྲི8000དོན་འཁྱོལ་ཟིན་པ་དེ་དག་གྲོང་ཚོ་རིམ་པའི་སློབ་ཁྲིད་ས་ཚིགས་ཀྱི་བྱིས་གསོ་ཁང79ཡི་སྒྱུར་བཀོད་ལས་གྲྭ་དང་རང་སྐྱོང་ལྗོངས་ཀྱི་ཚོད་ལྟའི་བྱིས་གསོ་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཐད་སྤྱོད་རྒྱུ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།