བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁང་དང་ཉལ་ཁང་ཉམས་གསོའི་ལས་གཞི་ལག་བསྟར་བྱས་པ།
བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུ་དང་གྲོང་གསེབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁང་དང་ཉལ་ཁང་ཉམས་གསོ་བྱེད་པའི་ཡུན་རིང་ཕན་འབྲས་ཐོན་པའི་སྒྲིག་གཞི་འཛུགས་རྒྱུ། ས་ཁུལ་ཁག་དང་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭས་སློབ་མའི་མི་འབོར་དང་། སློབ་ཁང་དང་ཉལ་ཁང་གི་གནས་ཚུལ་ཟུང་འབྲེལ་བྱ་རྒྱུ་བཅས་ཀྱི་ཆེད་དུ། ཉེ་དུས་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་སློབ་ཁང་དང་ཉལ་ཁང་ཉམས་གསོའི་ཆེད་དངུལ་སྒོར་ཁྲི2500 གཤམ་སྤྲོད་བྱས་ཏེ། ས་ཁུལ(གྲོང་ཁྱེར)ཁག་ཏུ་གྲོང་གསེབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁང་དང་ཉལ་ཁང་ཉམས་གསོའི་ལས་གཞི་ལག་བསྟར་བྱས་པ་རེད།
2006ལོའི་ཚུན་དུ་ཀྲུང་དབྱང་གིས་ལོ་ལྟར་བོད་ལྗོངས་ལ་གྲོང་གསེབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁང་དང་ཉལ་ཁང་ཉམས་གསོ་བྱེད་པའི་ཆེད་དངུལ་སྒོར་ཁྲི2200གནང་བ་དང༌། ད་ལོར་རང་སྐྱོང་ལྗོངས་ཀྱིས་རྨང་གཞི་དེའི་ཐོག་རྟ་སྒ་ཆ་འགྲིག་གི་ཆེད་དངུལ་སྒོར་ཁྲི300 ཁ་སྣོན་བརྒྱབ་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། ཆེད་དངུལ་བེད་སྤྱོད་བྱེད་པའི་ཕན་འབྲས་མཐོ་རུ་གཏོང་རྒྱུ་དང་སློབ་ཁང་དང་ཉལ་ཁང་གི་བདེ་འཇགས་འགན་སྲུང་བྱ་ཆེད་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་། ད་ལོའི་སྤྱི་ཟླ8པའི་ཟླ་མགོར་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་སློབ་གསོ་ཐིང་གིས་མཉམ་འབྲེལ་ཐོག་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁང་དང་ཉལ་ཁང་ཉམས་གསོ་བྱེད་པའི་ཆེད་དངུལ་དོ་དམ་བྱ་ཐབས་ལ་བཟོ་བཅོས་བརྒྱབ་པ་དང༌། བྱ་ཐབས་དེའི་ནང་གྲོང་གསེབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁང་དང་ཉལ་ཁང་ཉམས་གསོ་བྱེད་པའི་ཆེད་དངུལ་བེད་སྤྱོད་བྱ་ཡུལ་དང་བེད་སྤྱོད་རྩ་དོན། ལས་གཞི་འཆར་འགོད་དང་མ་དངུལ་བཀོད་གཏོང་གི་གོ་རིམ། ལས་གཞི་ཡོངས་བསྒྲགས་དང་ལས་གཞིའི་སྔོན་རྩིས། ལས་མཇུག་སྒྲིལ་རྗེས་ཀྱི་ཞིབ་རྩིས་ལམ་ལུགས། སློབ་ཁང་དང་ཉལ་ཁང་གི་བདེ་འཇགས་དོ་དམ་དམིགས་ཚད་འགན་འཁྲིའི་ལམ་ལུགས་སོགས་ཀྱི་ནང་དོན་གཏན་འབེབས་ཁ་གསལ་བཟོས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com