བོད་ལྗོངས་ཀྱིས་དམངས་ཁྲོད་རིག་གནས་སྒྱུ་རྩལ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་པ།
ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་། རྒྱལ་ཁབ་ཀྱིས་རྩ་འཛུགས་ཡོད་པ་དང་འཆར་འགོད་ཡོད་པའི་སྒོ་ནས་བོད་ལྗོངས་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་དམངས་གླུ་དང་། ལེགས་བཤད། གཏམ་རྒྱུད། ལྷ་སྒྲུང་། དམངས་ཁྲོད་གཏམ་རྒྱུད། ལོ་རྒྱུས་སྙན་ངག་དང་རོལ་མོ། བོད་ཀྱི་ཟློས་གར་སོགས་མྱུར་སྐྱོབ་དང་སྔོག་འདོན། ལེགས་སྒྲིག་བཅས་བྱས་པས་གྲུབ་འབྲས་མངོན་གསལ་ཐོབ།
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་སྐལ་བཟང་ཡེ་ཤེས་ཀྱིས་བཤད་རྒྱུར། མིག་སྔར་བར་བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་གྱི་རྒྱུ་ཆ་དུང་ཕྱུར་ལྷག་སྔོག་འདོན་བྱས་ཡོད་པ་དང་། རྒྱུ་ཆ་འདི་དག་ཆེད་མཁས་པའི་ལེགས་སྒྲིག་དང་རྩོམ་སྒྲིག་བྱས་པ་བརྒྱུད། རྒྱུ་ཆ་ཁ་ཤས་སྔ་གཞུག་ཏུ་པར་སྐྲུན་བྱས་ཤིང་། ཁ་ཤས་ད་རུང་ལེགས་སྒྲིག་བྱེད་བཞིན་པའི་སྒང་ཡིན་ཟེར།
དུས་རབས་སྔོན་མའི་ལོ་རབས60ནས་འགོ་བརྩམས་ཏེ། རྒྱལ་ཁབ་ཀྱིས་མི་ཤུགས་དང་དངོས་ཤུགས། རྒྱུ་ཤུགས་སོགས་མང་པོ་བཏང་བཏང་ནས་བོད་ལྗོངས་ཀྱི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ལ་རྩ་འཛུགས་ཡོད་པའི་སྒོ་ནས་མྱུར་སྐྱོབ་དང་སྲུང་སྐྱོབ་མཛད་པ་དང་། ནང་སྒོས་སུ་དུས་རབས་སྔོན་མའི་ལོ་རབས80ནང་། བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་སུ་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་སྔོག་འདོན་དང་ལེགས་སྒྲིག་བྱེད་པའི་བྱ་བ་ནན་གྱིས་སྒྲུབ།
སྐལ་བཟང་ཡེ་ཤེས་ཀྱིས་བཤད་རྒྱུར། རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་སྔོག་འདོན་དང་ལེགས་སྒྲིག པར་སྐྲུན་བྱེད་པར་མཐོང་ཆེན་གནང་བ་ནི་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་དང་། དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ཕྱོགས་ཡོངས་སུ་མྱུར་སྐྱོབ་དང་ཕན་འབྲས་ལྡན་པའི་སྲུང་སྐྱོབ་བྱེད་འགོ་བརྩམས་པ་མཚོན་ཐུབ་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com