མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པས་མགོ་མང་བཅའ་སྡོད་སློབ་གྲྭར་རོགས་སྐྱོར་བྱ་འགུལ་སྤེལ་པ།
རོགས་སྐྱོར་བྱ་འགུལ་ཡུལ་དངོས།
ཟླ9བའི་ཚེས26ཉིན། མཚོ་སྔོན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པ་གཞུང་སྒྲུབ་ཁང་གི་སྤྱི་ཁྱབ་ལས་འཛིན་པ་དོན་འགྲུབ་ཚེ་བརྟན་གྱིས་འབྲེལ་ཡོད་ལས་མི་དང་ལྷན་དུ་མང་རྫོང་མགོ་མང་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་གྲྭ་རུ་རོགས་སྐྱོར་བྱ་འགུལ་སྤེལ་པ་རེད།
བྱ་འགུལ་ལ་ཞུགས་པའི་རིམ་པ་སོ་སོའི་འགོ་ཁྲིད་རྣམ་པ།
2009ལོའི་ཟླ9བར། སློབ་གྲྭས་ཡར་ཞུ་བྱས་པ་ལྟར། མཚོ་སྔོན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པ་གཞུང་སྒྲུབ་ཁང་གིས་སློབ་གྲྭ་འདི་ཉིད་ལས་གཞི་སློབ་གྲྭ་གལ་ཆེ་ཤོས་སུ་བཞག་ཅིང་། ལོ་གཉིས་ཀྱི་ནང་སྔ་གཞུག་ཐེངས་གཉིས་ལ་སློབ་གསོའི་སྒྲིག་ཆས་དང་། ལུས་རྩལ་སྒྲིག་ཆས། དགེ་སློབ་ཀྱི་འཚོ་བའི་སྤྱོད་ཆས་སོགས་ཀྱི་ཞལ་འདེབས་ཕུལ་པ་དང་། བསྡོམས་པས་དམངས་སྒོར704000བཏང་བ་རེད།
མང་རྫོང་གི་རྫོང་དཔོན་གཞོན་པ་མུའུ་ཧྲིན་ཀོས་ཀྱིས་ཐེབས་རྩ་ཚོགས་པར་ལེགས་སྐྱེས་ཕུལ་བཞིན་པ།
འདི་ནི་ཐེངས་དགུ་བའི་རོགས་སྐྱོར་བྱ་འགུལ་ཡིན་ཞིང་། ལག་ཁྱེར་རྩིས་འཁོར50དང་སྤྱིའི་འགྲོ་སོང་སྒོར250000ཡིན་ལ། དེའི་ནང་དགེ་རྒན་རང་སྟེང་ནས་བཏོན་པའི་སྒོར་ཁྲི10ཡོད་པ་དང་། ཐེབས་རྩ་ཚོགས་པས་སྒོར་ཁྲི15ཕུལ་པ་རེད། ཐེངས་འདིའི་རོགས་སྐྱོར་བྱ་འགུལ་ལ་མང་རྫོང་གིས་མཐོང་ཆེན་གནང་ཞིང་འབྲེལ་ཡོད་འགོ་ཁྲིད་སོགས་ཀྱང་ཐེངས་འདིའི་བྱ་འགུལ་དུ་ཞུགས་པ་རེད།
ཚོགས་ཞུགས་འགོ་ཁྲིད་རྣམ་པ་དང་རོགས་སྐྱོར་ཐོབ་པའི་དགེ་རྒན་རྣམས་ལྷན་དུ་པར་བསྐྱོན་པ།
འདི་ལྟ་བུའི་སློབ་གསོ་རོགས་སྐྱོར་བྱ་འགུལ་ལས་སློབ་གྲྭ་འདིའི་སློབ་གསོའི་མཐུན་རྐྱེན་སྔར་ལས་ཇེ་ལེགས་སུ་ཕྱིན་ཞིང་། སློབ་གསོའི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་བྱེད་པ་དང་ཐ་ན་སློབ་གསོའི་གཞུང་སྒྲུབ་རང་ནུས་ཅན་གྱི་དམིགས་འབེན་མངོན་འགྱུར་ཡོང་རྒྱུར་བཅས་ལ་དངོས་བོའི་འགན་སྲུང་མཁོ་སྤྲོད་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com