མཚོ་ལྷོ་ཁུལ་ལྟ་སྦྱོང་ཞིབ་དཔྱད་ཚོ་ཆུང་གིས་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་ལྟ་སྦྱོང་ཁྲིད་སྟོན་གནང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-09 11:32:00 ཀློག་གྲངས།:


སློབ་གྲྭ་དེ་གའི་སློབ་མས་ལྟ་སྦྱོང་ཚོགས་པའི་འགོ་ཁྲིད་རྣམ་པར་སློབ་མའི་སྡོད་ཁང་མཚམས་སྦྱོར་བྱེད་བཞིན་པ།

  ཟླ9བའི་ཚེས28ཉིན། མཚོ་ལྷོ་ཁུལ་ཡུལ་དངོས་ལྟ་སྦྱོང་དང་ཞིབ་དཔྱད་བྱ་བའི་ཚོ་ཆུང་དེ་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གནམ་ལྷ་དང་རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ཀྲང་ཏི་ཞན་སོགས་འགོ་ཁྲིད་རྣམས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་ཁུལ་གསར་བར་ཡོང་ནས་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་ཡུལ་དངོས་ཀྱི་ལྟ་སྦྱོང་དང་ཞིབ་དཔྱད་མཛད་པ་རེད།


མཚོ་ལྷོ་ཁུལ་དམངས་ཆེན་ཀྲུའུ་རིན་མའོ་ཧྲན་ལིང་གིས་བྱ་བར་ཁྲིད་སྟོན་བྱེད་བཞིན་པ།

  ཁུལ་ཡོངས་ཀྱི་ཡུལ་དངོས་ལྟ་སྦྱོང་དང་ཞིབ་དཔྱད་བྱ་བའི་ཚོ་ཆུང་ལ་བསུ་བ་བྱེད་ཆེད་སློབ་གྲྭ་འདི་གའི་འགོ་ཁྲིད་རྣམ་པས་ཐུགས་ཁུར་ཆེན་མོ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་གྲ་སྒྲིག་བྱ་བ་ཆ་ཚང་བྱས་ཤིང་། བསྡོམས་པས་སློབ་ཁུལ་གསར་བའི་འཛུགས་སྐྲུན་གནས་ཚུལ་ཁྱད་དུ་ཐོན་པའི་འགྲེམ་པང28འགྲེམ་སྟོན་བྱས་པ་རེད། སློབ་གྲྭའི་སློབ་གཙོ་རིན་ཆེན་དོན་འགྲུབ་ལགས་ཀྱིས་ལྟ་སྦྱོང་ཚོགས་པའི་འགོ་ཁྲིད་ལ་སློབ་ཁུལ་གསར་བའི་འཛུགས་སྐྲུན་གནས་ཚུལ་སྙན་ཞུ་བྱས་པ་མ་ཟད། འཛུགས་སྐྲུན་གནས་ཚུལ་དང་སློབ་གྲྭའི་ལོ་རྒྱུས་སོགས་ཀྱི་རྒྱུ་ཆ་འདོན་སྤྲོད་བྱས་ནས་ལྟ་སྦྱོང་དང་ཞིབ་དཔྱད་བྱ་བ་བདེ་བླག་ངང་སྤེལ་བ་རེད།


ལྟ་སྦྱོང་ཚོགས་པས་སློབ་གྲྭའི་མ་འོངས་འཆར་གཞིའི་བཟོ་བཀོད་ལ་བལྟ་བཞིན་པ།

  ཐེངས་འདིའི་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་ཁུལ་གསར་བར་ལྟ་སྦྱོང་ཞིབ་དཔྱད་གནང་བས་སློབ་ཁུལ་འདིའི་འཛུགས་སྐྲུན་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་རྩིས་ལེན་མཛད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།