བོད་ལྗོངས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་གཉིས”ཀྱི་སྐབས་སུ་སློབ་སྔོན་སྐད་གཉིས་སློབ་གསོ་རྒྱ་ཆེན་པོར་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-09 11:54:00 ཀློག་གྲངས།:

  བོད་ལྗོངས་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། བོད་ལྗོངས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་གཉིས”ཀྱི་སྐབས་སུ་སློབ་སྔོན་སྐད་གཉིས་སློབ་གསོ་རྒྱ་ཆེར་སྤེལ་ནས་མཁར་གྲོང་དུ་ལོ་གསུམ་རིང་གི་སློབ་སྔོན་སྐད་གཉིས་སློབ་གསོ་ཁྱབ་བརྡལ་དང་རོང་འབྲོག་ཁུལ་དུ་ལོ་གཉིས་རིང་གི་སློབ་སྔོན་སྐད་གཉིས་སློབ་གསོ་ཁྱབ་བརྡལ་དུ་གཏོང་རྒྱུ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་སློབ་སྔོན་སྐད་གཉིས་སློབ་གསོའི་འཕེལ་རྒྱས་དམིགས་འབེན་ནི2015ལོ་བར་དུ་མཁར་གྲོང་དུ་ལོ་གསུམ་རིང་གི་སློབ་སྔོན་སྐད་གཉིས་སློབ་གསོ་ཁྱབ་བརྡལ་དང་རོང་འབྲོག་ཁུལ་དུ་ལོ་གཉིས་རིང་གི་སློབ་སྔོན་སྐད་གཉིས་སློབ་གསོ་ཁྱབ་བརྡལ་དུ་བཏང་ནས་བོད་ལྗོངས་ཀྱི་སློབ་སྔོན་སློབ་གསོའི་བྱིས་པ་སློབ་གྲྭ་འགྲིམ་ཚད་རགས་རྩིས་བྱས་ན60%ལ་སླེབས་རྒྱུ་དེ་ཡིན། རྫོང(གྲོང་ཁྱེར་དང་ས་ཁུལ)སོ་སོར་དཔེ་སྟོན་བྱིས་གཉོར་ཁང་གཅིག་དང་། རོང་འབྲོག་ཁུལ་ཀྱི་ཡུལ་ཚོ(གྲོང་རྡལ)སོ་སོར་ལྟེ་གནས་བྱིས་གཉོར་ཁང་གཅིག སྡེ་བའི་སློབ་ཆུང་དང་སློབ་ཁྲིད་ས་ཚིགས་སུ་གྲ་སྒྲིག་འཛིན་གྲྭ་བཙུགས་ཏེ་རོང་འབྲོག་ཁུལ་གྱི་སློབ་སྔོན་སློབ་གསོའི་དྲ་རྒྱ་རིམ་གྱིས་འཐུས་ཚང་དུ་གཏོང་རྒྱུ་རེད།
  མིག་སྔར་ཀྲུང་དབྱང་ནོར་སྲིད་ཀྱིས“ལོ་ལྔའི་འཆར་གཞི་བཅུ་གཉིས”སྐབས་ཀྱི་བོད་ལྗོངས་སློབ་སྔོན་སློབ་གསོའི་ཆེད་སྤྱོད་མ་དངུལ་ཡོངས་དངོས་འབེབས་བྱས་ཚར་ལ། ལོ་རེ་རེར་སྔོན་རྩིས་ཞིབ་བཤེར་གཏན་འབེབས་བྱེད་རྒྱུ་རེད། དེའི་ཁྲོད་དུ་ད་ལོར་དམངས་སྒོར་ཁྲི4140སྤྱད་ནས་སློབ་སྔོན་སློབ་གསོའི་སློབ་ཁྲིད་དང་འཚོ་བའི་སྒྲིག་ཆས་ཉོ་རྒྱུ་ཡིན་པ་དང་། སློབ་སྔོན་སྐད་གཉིས་སློབ་གསོའི་སློབ་ཁྲིད་ཐོན་ཁུངས་འཛུགས་སྐྲུན་བྱེད་པར་སྒོར་ཁྲི1300དང་།   སློབ་སྔོན་སྐད་གཉིས་སློབ་གསོའི་སྨྱན་མང་སྒྲིག་ཆས་ཉོ་བར་སྒོར་ཁྲི552དང་།  སློབ་སྔོན་སྐད་གཉིས་བྱིས་གཉོར་ཁང་ཞིག་གསོ་བྱེད་པར་སྒོར་ཁྲི500བཅས་སྤྱོད་རྒྱུ་རེད།
  བོད་ལྗོངས་ཀྱིས་སློབ་སྔོན་སྐད་གཉིས་བྱིས་གཉོར་ཁང་འཛུགས་སྐྲུན་བྱེད་པའི་མ་དངུལ་སྒོར་ཁྲི8000དངོས་འབེབས་བྱས་ཚར་ཞིང་། མ་དངུལ་དེ་སྡེ་བ་རིམ་པའི་སློབ་ཁྲིད་ས་ཚིགས་ཀྱི་བྱིས་གཉོར་ཁང་ཞིག་གསོ་དང་རང་སྐྱོང་ལྗོངས་ཚོད་ལྟའི་བྱིས་གཉོར་ཁང་རྒྱ་བསྐྱེད་པའི་ལས་གཞིའི་ཐད་ལ་བཀོལ་རྒྱུ་རེད། 2010ལོའི་ལོ་སྨད་ནས་བསྒྲིགས་པའི་བོད་ལྗོངས་རོང་འབྲོག་ཁུལ་གྱི་སྐད་གཉིས་བྱིས་པའི་བསླབ་དེབ་ད་ལོའི་སྟོན་ཁར་སློབ་འགོ་ཚུགས་པ་ནས་བཀོལ་སྤྱོད་བྱས་པ་རེད།
  མིག་སྔར་བོད་ལྗོངས་རོང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་དང་མཁར་གྲོང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་རྣམས་ལ་སློབ་སྔོན་སློབ་གསོའི་རིམ་པར་རིན་མི་དགོས་པར་སློབ་གསོ་མྱོང་ཐུབ་པ་མ་ཟད། ཁ་གསབ་དང་སློབ་སྐྱོར་རོགས་དངུལ་ཡང་ཐོབ་པ་རེད། ད་ལོར་བྱིས་པ་ཁྲི3.4ཡིས་སྲིད་ཇུས་འདི་ལོངས་སྤྱོད་ཐུབ་ལ། ཁ་གསབ་རོགས་དངུལ་བསྡོམས་པས་སྒོར་ཁྲི900ཡོད་པ་རེད། རྗེས་མར་བོད་ལྗོངས་ཀྱིས་རོང་འབྲོག་ཁུལ་གྱི་སློབ་སྔོན་སློབ་གསོ་དེ་སྤྱི་བའི་ནོར་སྲིད་འགན་སྲུང་མ་ལག་ནང་དུ་བཞག་སྟེ་འགན་བབ་སློབ་གསོ་དང་མཐུན་པའི་འགྲོ་གྲོན་འགན་སྲུང་ནང་རྐྱེན་འཛུགས་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།