བོད་ལྗོངས་ཀྱི་ལས་བྱེད་པ་ཁྲི་གཉིས་ལྷག་སྡེ་བར་སོང་ནས་བྱ་བ་སྒྲུབ་མགོ་བརྩམས་པ།
བོད་རང་སྐྱོང་ལྗོངས་ཀྱིས་སྔོན་ཐོན་བསྐྲུན་པ་དང་ཕུལ་བྱུང་བརྩོན་ལེན་བྱས་ནས་མི་དམངས་ལ་ཁེ་ཕན་བསྐྲུན་པའི་བྱ་འགུལ་སྤེལ་ཞིང་། བོད་ལྗོངས་ཀྱི་ལས་བྱེད་པ་ཁྲི2ལྷག་སྔ་གཞུག་ཏུ་སྡེ་བ་སོ་སོར་སོང་སྟེ། གཞི་རིམ་ནས་བྱ་བ་སྒྲུབ་མགོ་བརྩམས་པ་རེད།
མཚམས་སྦྱོར་བྱས་པའི་གནས་ཚུལ་ལྟར་ན། ད་ལོའི་ལོ་མགོར། བོད་ལྗོངས་ཀྱིས་ལྗོངས་ཡོངས་ནས་དུས་ཡུན་ལོ་གཅིག་རིང་གི་གཞི་རིམ་འཛུགས་སྐྲུན་ལོའི་བྱ་འགུལ་སྤེལ་བར་ཤུགས་སྣོན་བྱས་ཏེ། གྲུབ་འབྲས་མངོན་གསལ་བླངས་ཡོད། གཞི་རིམ་འཛུགས་སྐྲུན་ལོའི་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཤུགས་སྣོན་ཆེད། བོད་ལྗོངས་ཀྱིས་ཡང་བསྐྱར་ལས་བྱེད་པ་ཁྲི2ལྷག་རྩ་འཛུགས་བྱས་ནས་སྡེ་བར་མངགས་པ་དང་། ཁོ་ཚོས་ད་ལོའི་ཟླ10བའི་ཚེས13ཉིན་ནས་བཟུང་བོད་ལྗོངས་ཀྱི་སྲིད་འཛིན་སྡེ་བ་དང་སྡོད་དམངས་ཨུ་ཡོན་ལྷན་ཁང5451ནས་ལོ་ངོ་གསུམ་གྱི་རིང་ལ་བྱ་བ་བསྒྲུབ་རྒྱུ་རེད་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com