ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་ཐེངས་གཉིས་པའི་ཟས་རིགས་གཡོས་སྦྱོར་ལག་རྩལ་གསོ་སྦྱོང་ཞིག་སྤེལ་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-24 16:37:00 ཀློག་གྲངས།:


གསོ་སྦྱོང་ཚོགས་འདུ་དངོས་སུ་མགོ་བརྩམས་པ།

         བཅའ་སྡོད་སློབ་གྲྭ་ཞིག་གི་སློབ་མར་མཚོན་ན་བདེ་ཐང་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་ལ། དུས་རྒྱུན་གྱི་སློབ་སྦྱོང་འཚོ་བའི་གོམས་གཤིས་དང་ལྷག་པར་སློབ་མའི་བཟའ་བཏུང་གི་འཚོ་བ་ནི་སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བའི་རྒྱུ་རྐྱེན་ཉག་གཅིག་ཡིན།


བློ་མཐུན་ཡན་བེ་ལགས་ཀྱིས་གཡོས་སྦྱོར་ལག་ལེན་འདེབས་པ།

ཇ་མ་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་སྒོས་ལག་ལེན་ལ་སློབ་སྦྱོང་བྱེད་པ།

         ཟླ10བའི་ཚེས22ཉིན། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྤྱི་གཉེར་སྡེ་ཁག་གི་བཀོད་སྒྲིག་ལྟར་དུ་ཁྲི་ཀ་རྫོང་གི་རྒྱ་སེ་མེ་ཏོག་ཞིང་ཁྱིམ་ར་བའི་ཟས་རིགས་གཡོས་སྦྱོར་མཁན་ཇ་མ་ཡན་བེ་ལགས་གདན་འདྲེན་བྱས་ནས་སློབ་གྲྭའི་ཟ་ཁང་གི་ཕྱོགས་ཡོངས་འཕེལ་རྒྱས་དང་ལྷག་པར་ཟས་རིགས་རྔོད་སྟངས་ཀྱི་ལག་རྩལ་ལམ་རྒྱུ་སྤུས་མཐོར་འདེགས་གཏོང་ཆེད་སློབ་གྲྭའི་ཟ་ཁང་གི་ཉིས་ཐོག་ནས་ཐེངས་གཉིས་པའི་ཟས་རིགས་གཡོས་སྦྱོར་ལག་རྩལ་གསོ་སྦྱོང་ཞིག་སྤེལ།


ཞིབ་ཕྲའི་སྒོ་ནས་ཚོད་མ་གཙབ་སྟངས་ཁྲིད་པ།

བྱང་ཆ་ལྡན་པའི་གཡོས་སྦྱོར་གྱི་ལག་རྩལ་གྱིས་གཞན་ཡིད་དབང་མེད་དུ་བཀུག

         ཐེངས་འདིའི་གསོ་སྦྱོང་ཁྲོད་དུ། ཟས་རིགས་རྔོད་པར་བྱང་ཆ་ལྡན་ཞིང་ལག་རྩལ་ཁྱད་དུ་འཕགས་པའི་ཇ་མ་ཡན་བེ་ལགས་ཀྱིས་ཚོད་མ་གཙབ་བྱེད་ཀྱི་གཏུབ་གྲི་སོགས་ལག་ཆའི་རིགས་བཀོལ་སྟངས་དང་སྣ་ཚོགས་པའི་ཚོད་མ་རྔོད་སྟངས། བྲོ་རྫས་སམ་ཐུག་སྡོར་སྡེབ་སྟངས། རྔོད་སྦྱོར་གྱི་དུས་ཚོད་སོགས་གོ་རིམ་ཞིབ་ཅིང་ཕྲ་ལ་བརྒྱུད་རིམ་གསལ་བའི་སྒོ་ནས་ལག་ལེན་དངོས་ལ་བཏབ་ནས་སློབ་གྲྭའི་ཟས་རིགས་གཡོས་སྦྱོར་པ་ཇ་མ50ལྷག་གི་ཡིད་ཀྱི་དང་བ་འཕྲོག་ཅིང་མིག་རྒྱ་རབ་ཏུ་བསྐྱེད། གཡོས་སྦྱོར་མཁན་བློ་མཐུན་ཡན་བེ་ལགས་ཀྱི་སྣེ་སྟོན་འོག་ཏུ་ཇ་མ་རེ་རེ་ནས་རང་ཉིད་ཀྱི་ནུས་རྩལ་མངོན་པར་བཅུག་པ་སྟེ། ཚོད་མ་གཙབ་སྲོལ། ཚོད་མ་རྔོད་སྟངས། བྲོ་རྫས་སྦྱོར་སྟངས། མེ་ཤུགས་ཚོད་འཛིན་སོགས་གཡོས་སྦྱོར་གྱི་བརྒྱུད་རིམ་ཁ་ཚང་ཞིག་ཚོད་ལྟ་ལག་ལེན་བྱེད་དུ་བཅུག་པ་རེད།


གཟབ་ནན་དང་ཞིབ་ཚགས་སྒོས་ལག་ལེན་ཚོད་ལྟ་བྱེད་པ།

         བློ་མཐུན་ཡན་བེ་ལགས་ཀྱིས་ཚེགས་དཀའ་དང་སུན་སྣང་ལ་ཐེ་གཏོགས་གཏན་ནས་མི་བྱེད་པར་ཇ་མ་རེ་རེར་ཞིབ་ཕྲའི་སྣེ་སྟོན་དང་མི་འདང་སའི་ཆ། བཅོས་བསྒྱུར་བྱེད་དགོས་སའི་ཕྱོགས་སོགས་ཁ་གསལ་གནས་ལུགས་ལྡན་ཞིང་གཟབ་ནན་གྱི་སྒོ་ནས་ཁྲིད་སྟོན་བྱས།


སྣེ་སྟོན་མཁན་གྱིས་མི་འགྲིག་པའི་ཆ་དག་ཐེར་བྱེད་པ།

         རེབ་འདིའི་གསོ་སྦྱོང་བརྒྱུད་ཇ་མ་རྣམ་པར་སྔོན་མཚུངས་མ་ཡིན་པའི་ལག་རྩལ་གསར་བ་ཞིག་རྒྱུད་ལ་འབྱོར་ཞིང་རྗེས་ཕྱོགས་ཀྱི་གཡོས་སྦྱོར་བྱ་བ་དང་ཟ་མ་ལས་སྟངས་ཀྱི་ཐད་འཆར་གཞི་གསར་བ་ཞིག་དང་དམིགས་ཡུལ་ཡང་དག་ཅིག འགན་ཁུར་གཙང་མ་ཞིག་མ་བཅོས་རང་བྱུང་ངང་མངོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།