མི་རིགས་དགེ་ཐོན་སློབ་གླིང་གིས2011ལོའི་སློབ་མ་གསར་བ་བསུ་པའི་དགོང་ཚོགས་སྤེལ་པ།
དགོང་ཚོགས་ཡུལ་དངོས།
ཉེ་ལམ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་སྐད་ཡིག་སྡེ་ཁག་གིས་སློབ་གྲྭ་འདིའི་འཁྲབ་སྟོན་ཁང་དུ་སློབ་མ་གསར་བ་བསུ་བའི་དགོང་ཚོགས་ཤིག་སྤེལ་ཞིང་། མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་སྔོན་མ་འཕགས་མོ་དང་། མི་རིགས་དགེ་ཐོན་སློབ་གླིང་གི་ཧྲུའུ་ཅི་གཞོན་པའམ་དགེ་རྒན་ཆེན་མོ་བཀྲ་བྷོ། མི་རིགས་དགེ་ཐོན་སློབ་གླིང་གི་གླིང་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཅིན་ཕེ། དེ་མིན་བོད་སྐད་ཡིག་སྡེ་ཁག་གི་ཀྲུའུ་རིན་ནམ་དགེ་རྒན་ཆེན་མོ་སྟོབས་ལྡན་སོགས་ཐེངས་འདིའི་དགོང་ཚོགས་ལ་ཞུགས་པ་རེད།
མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་གི་ཀྲུའུ་རིན་ནམ་
དགེ་རྒན་ཆེན་མོ་སྟོབས་ལྡན་གྱིས་གཏམ་བཤད་གནང་བ།
དགོང་ཚོགས་ཀྱི་མདོ་འཛིན་པ་དག
དགོང་ཚོགས་སྟེང་སློབ་གྲོགས་ཚོས་འཁྲབ་སྟོན་སྣ་ཚོགས་བྱས་ཤིང་རང་ཉིད་ཀྱི་སྒྱུ་རྩལ་ལྷུག་པོར་གྲོལ་ཏེ་ན་གཞོན་གྱི་གསོན་ཤུགས་མངོན་པ་དང་། གཟིགས་མོ་བ་དགེ་སློབ་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྣམ་པ་ཞིག་ངང་ངམ་ཤུགས་ཀྱིས་སྟེར་ལ། དུས་ཡུན་ཆུ་ཚོད་གཉིས་ཀྱི་རྗེས་ནས་དགོང་ཚོགས་མཇུག་སྒྲིལ་པ་རེད།
གཟིགས་མོ་བ་དགེ་སློབ་རྣམ་པ།
མཐའ་མར། སློབ་གྲྭའི་འགོ་ཁྲིད་དང་དགེ་རྒན་རྣམ་པས་སློབ་གྲོགས་རྣམས་ཀྱི་འཁྲབ་སྟོན་ལ་གདེང་འཇོག་ཆེན་པོ་གནང་ཞིང་། རྗེས་ཕྱོགས་ཀྱང་སློབ་མ་རྣམས་རང་འགུལ་སྒོས་བྱ་འགུལ་སྣ་ཚོགས་ལ་ཞུགས་རྒྱུ་དང་རང་ཉིད་ཀྱི་ཕྱོགས་ཡོངས་སྤུས་ཚད་དང་འཕེལ་རྒྱས་ལ་བརྩོན་པར་སྐུལ་ལྕགས་གནང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com