ཀན་ལྷོས་མི་རིགས་ཁྱད་ལྡན་རིག་གནས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་གོམ་འགྲོས་ཇེ་མགྱོགས་སུ་བཏང་བ།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོ། ཡོང་ཁུངས།: ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2011-10-29 09:47:00 ཀློག་གྲངས།:

              མཛེས་ཤིང་སྡུག་པའི་ཐང་ག་དང་མེ་ཏོག་མཆོད་པའི་ལག་ཤེས་སྒྱུ་རྩལ།  སྙན་ཞིང་འཇེབས་པའི་ཀན་ལྷོའི་དམངས་གླུ་དང་རྨ་ཆུའི་པུ་ཝང་འབྲུག་མགོ་མ་བཅས་ནི་ཀན་ལྷོའི་བོད་ཀྱི་རིག་གནས་ཐོན་ཁུངས་ཀྱི་མཛེས་རྒྱན་དུ་གྱུར་ཡོད་པ་མ་ཟད།  བོད་མི་རིགས་ཀྱི་ཁྱད་ལྡན་རིག་གནས་འཚར་ལོངས་འབྱུང་སའི་གཞི་ས་ཞིག་ཀྱང་ཡིན།  ཉེ་བའི་ལོ་འགའི་རིང་།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐུན་མོང་མ་ཡིན་པའི་རང་ས་གནས་ཀྱི་ས་གཤིས་དང་མི་རིགས་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱད་དེ་ཧུར་ཐག་སྒོས་རིག་གནས་ཐོན་ལས་འཕེལ་རྒྱས་བྱེད་པའི་འཆར་འགོད་དང་ཐོན་ལས་སྲིད་ཇུས་སྤེལ་ཏེ་ཁུལ་ཡོངས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།
              ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཕུན་སུམ་ཚོགས་པའི་ཤུལ་བཞག་རིག་གནས་ཡོད་པ་དང་།  ཀན་ལྷོའི་དམངས་གླུ་དང་རྨ་ཆུ་རྫོང་གི་པུ་ཝང་འབྲུག་མགོ་མ།  བསང་ཆུ་རྫོང་གི་བླ་བྲང་དགོན་པའི་ཆོས་ལུགས་རོལ་དབྱངས་སོགས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད།  ཀན་ལྷོ་ཁུལ་གླུ་གར་གླིང་དང་ཀན་སུའུ་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ་གཉིས་ཐེངས་མང་པོར་ཀན་སུའུ་དང་ཀན་ལྷོ་བོད་རིགས་ས་ཁུལ་གྱི་ཚབ་བྱས་ཏེ་རྒྱལ་ཁབ་རིམ་པའི་སྒྱུ་རྩལ་འགྲན་ཚོགས་དང་ཞིང་ཆེན།  པུའུ་རིམ་པའི་ཆེད་ལས་འགྲན་ཚོགས་སྟེང་ཞུགས་པ་མ་ཟད།  གྲུབ་འབྲས་ཆེན་པོ་བླངས།
              མིག་སྔར་ཁུལ་ཡོངས་སུ་རིགས་སྣ་ཚོགས་ཀྱི་རིག་གནས་ཚོང་གཉེར་བྱེད་བཞིན་པའི་ལས་ཁུངས420ལྷག་ཡོད་པ་དང་།  མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་སྤོས་ལས་བཟོ།  མཛེས་སྡུག་རྣམ་པར་བཀྲ་བའི་ཐང་ག  ཚེམ་དྲུབ་དང་མེ་ཏོག་མཆོད་པ་སོགས་ཐོན་ལས་ལ་མི་རྣམས་ཀྱི་དགའ་བསུ་ཐོབ། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།