དགེ་རྒན་ཆེན་མོ་ཀྲའེ་ནཱེ་ཐི་རྒྱ་མཚོས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་མུ་འབྲེལ་འཆད་ཁྲིད་གནང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-01 09:45:00 ཀློག་གྲངས།:


ཧཱ་ཧྥའོ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཀྲའེ་ནཱེ་ཐི་རྒྱ་མཚོ(གཡས་ཕྱོགས)ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།

              ཟླ10བའི་ཚེས26ཉིན་ནས་ཚེས31བར་དུ། ཧཱ་ཧྥའོ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཀྲའེ་ནཱེ་ཐི་རྒྱ་མཚོ(Janet Gyatso)ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་མུ་འབྲེལ་འཆད་ཁྲིད་གནང་ཞིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་གཙོའམ་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་ཀྱིས་འཆད་ཁྲིད་ལ་མདོ་འཛིན་བྱས་པ་དང་། འབུམ་རམས་པ་གཡང་མོ་མཚོ་ལགས་ཀྱིས་འཆད་ཁྲིད་ལ་ལོ་ཙཱ་བྱས། 
              དགེ་རྒན་ཆེན་མོ་ཀྲའེ་ནཱེ་ཐི་རྒྱ་མཚོ་ལགས་ཀྱིས“བོད་ཀྱི་གསོ་བ་རིག་པའི་ཁྲོད་ཀྱི་མི་ཆོས་ཀྱི་ལྟ་བ་དང་འབྲེལ་ནས་ཆོས་ལུགས་དང་ཚན་རིག་བར་གྱི་འགལ་འབྲེལ་གླེང་བ”དང་། “བོད་ཀྱི་རྣམ་ཐར་རྩོམ་རིག་ལས་རང་རྣམ་དང་འབྲེལ་ནས་བོད་རིག་པ་དང་མི་ཆོས་རིག་གནས་སྐོར་གླེང་བ”  “《རྒྱུད་བཞི》ལས་བུད་མེད་དང་རོ་ཙའི་སྐོར། — བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་སྔ་མའི་ཁྲོད་ཀྱི་ཕ་དབང་ལམ་ལུགས་དང་། ཕོ་མཆོག་མོ་དམན་གྱི་ལྟ་གྲུབ། བུད་མེད་ལ་སྡང་བའི་བསམ་བློའི་སྐོར་གླེང་བ”  “ཆོས་ལུགས་དང་ཚན་རིག་ལས་འཕྲོས་པའི་བོད་ལུགས་གསོ་རིག་ཁྲོད་ཀྱི་རྩ་ལམ་དང་འབྲེལ་པའི་རྩོད་གཞི་སྐོར་གླེང་བ”བཅས་ཁག་བཞི་རུ་ཕྱེ་ནས་འཆད་ཁྲིད་རྒྱ་ཆེན་པོ་གནང་། 
              ཀྲའེ་ནཱེ་ཐི་རྒྱ་མཚོ་ལགས་ནི་རྒྱལ་སྤྱིའི་སྟེང་གི་བོད་རིག་པའི་ཆེད་མཁས་པ་གྲགས་ཅན་དང་། ཧཱ་ཧྥའོ་སློབ་གྲྭ་ཆེན་མོའི་ཆོས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོའམ་རྒྱལ་སྤྱིའི་བོད་རིག་པ་ཚོགས་པའི་འགོ་འཛིན་སྔོན་མ་ཡིན། ཁོ་མོ་ཆོས་རིག་པའི་སློབ་གླིང་དུ་བོད་བརྒྱུད་ནང་བསྟན་གྱི་བསླབ་ཚན་བཙུགས་རྗེས་སུ2001ལོ་ནས་བཟུང་སློབ་གླིང་དེ་གར་ལས་ཀ་སྒྲུབ་བཞིན་ཡོད་ལ། གཙོ་བོ་བོད་བརྒྱུད་ནང་བསྟན་དང་། ནང་བསྟན་མཚན་ཉིད་རིག་པའི་སྐོར། བུད་མེད་དང་ནང་བསྟན་ཆོས་ལུགས་བར་གྱི་འབྲེལ་བ། ཡ་གླིང་དང་མེ་གླིང་དུ་དར་བའི་ནང་བསྟན་གྱི་གཞུང་ལུགས་དང་ཉམས་ལེན་གྱི་སྐོར་སློབ་ཁྲིད་བྱེད་བཞིན་ཡོད། བརྩམས་ཆོས་ལ་གཙོ་བོ《བོད་ཀྱི་བུད་མེད》དང《དྲན་གསལ་མེ་ལོང་། —རྒྱ་གར་དང་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་རིག་ལམ་དང་དྲན་ཤེས་བསྐྱེད་པ》སོགས་མང་དུ་མཆིས།
              དགེ་རྒན་ཆེན་མོ་ཀྲའེ་ནཱེ་ཐི་རྒྱ་མཚོ་ལགས་ཀྱིས་འཆད་ཁྲིད་རབ་དང་རིམ་པ་གནང་བར་བརྒྱུད་ནས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ཀྱིས་སྐབས་བབ་ཀྱི་བརྗོད་གཞི་དེ་དག་ལ་ངེས་ཤེས་གསལ་བོ་ཞིག་བསྐྱེད་ཐུབ་པའི་ཁར། ཧཱ་ཧྥའོ་སློབ་གྲྭ་ཆེན་མོ་དང་རྒྱལ་སྤྱིའི་སྟེང་གི་བོད་རིག་པའི་ཞིབ་འཇུག་ཐད་ཀྱི་ཁ་ཕྱོགས་དང་གྲུབ་འབྲས་སོགས་ལ་ཡང་རྒྱུས་ལོན་ངེས་ཅན་ཞིག་བྱེད་ཐུབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།