མཚོ་སྔོན་སློབ་ཆེན་སྐབས་དང་པོའི་བོད་ཀྱི་གསོ་རིག་སློབ་གསོའི་བགྲོ་གླེང་ཚོགས་འདུའི་རྩོམ་བསྡུ་བརྡ་ཐོ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-01 11:00:00 ཀློག་གྲངས།:

         མཚོ་སྔོན་སློབ་ཆེན་གྱི་སློབ་གསོ་སློབ་ཁྲིད་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་ཡོངས་ནས་སློབ་ཁྲིད་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བའི་ཆེད་དུ། མཚོ་སྔོན་སློབ་ཆེན་སྐབས་དང་པོའི་བོད་ལུགས་གསོ་རིག་སློབ་གསོའི་བགྲོ་གླེང་ཚོགས་འདུ་འཚོགས་རྒྱུར་ཐག་བཅད་པ་ཡིན།(ཚོགས་འདུ་ཕལ་ཆེར2012ལོའི་ཟླ1པའི་ནང་དུ་འཚོགས་རྒྱུ། དུས་ཚོད་ངེས་གཏན་རྗེས་ནས་བརྡ་སྦྱོར་རྒྱུ)  འདིར་ཚོགས་འདུའི་དཔྱད་རྩོམ་ཐད་ཀྱི་རེ་འདུན་འགའ་ཡོད་པ་གཤམ་གསལ་ལྟར།
གཅིག    དཔྱད་རྩོམ་གྱི་ཁ་ཕྱོགས།
1  སློབ་ཁྲིད་ནང་དོན་དང་སློབ་ཚན་མ་ལག་བཅོས་སྒྱུར་གྱི་ཞིབ་འཇུག
2  དཔེ་མཚོན་རང་བཞིན་ཅན་གྱི་མཐོ་རིམ་དངོས་བཤེར་སློབ་ཁྲིད་འཛུགས་སྐྲུན་གྱི་ཞིབ་འཇུག
3 ལག་ལེན་སློབ་ཁྲིད་དང་ནད་ཐོག་སློབ་ཁྲིད་ལ་ཤུགས་སྣོན་བྱེད་པའི་ཕྱོགས།
4  ཆེད་ལས་གྲུབ་ཚུལ་སྡེབ་སྒྲིག་དང་། ཁྱད་ཆོས་ལྡན་ཞིང་འབུར་ཐོན་ཅན་གྱི་ཆེད་ལས་འཛུགས་སྐྲུན་གནད་དོན།
5  སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་དང་།  རྒྱུད་འཛིན་དང་ལག་ལེན་མཉམ་བསྐྱོད་ཀྱི་སློབ་གསོའི་མ་དཔེ་རྟོག་ཞིབ་ཀྱི་ཕྱོགས།
6  བསླབ་ཚན་དང་སློབ་དེབ་འཛུགས་སྐྲུན་དང་། མཐུན་རྐྱེན་མཉམ་སྤྱོད་ཀྱི་གནད་དོན་གྱི་ཕྱོགས།
7  གསར་གཏོད་ནུས་པ་ལྡན་པའི་མི་སྣ་སྐྱེད་སྲིང་དང་མཐོ་རིམ་བོད་ཀྱི་གསོ་རིག་གི་ཤེས་ལྡན་མི་སྣ་སྐྱེད་སྲིང་གི་མ་དཔེ་བཅོས་སྒྱུར་དང་གསར་གཏོད་ཀྱི་འབྲེལ་ཡོད་གནད་དོན་གྱི་ཕྱོགས།
8  སློབ་ཁྲིད་དཔུང་སྡེ་དང་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ཐད་ཀྱི་ཉམས་མྱོང་རྟོག་ཞིབ།
9  དེང་རབས་ཅན་གྱི་སློབ་ཁྲིད་བྱེད་ཐབས་དང་སློབ་ཁྲིད་ཐབས་ཤེས་ཀྱི་སྐོར།
10 སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་བྱེད་པའི་མ་ལག་འཛུགས་སྐྲུན་དང་།  ཐོན་སྐྱེད། སློབ་གསོ།  ཞིབ་འཇུག་གསུམ་མཉམ་འབྲེལ་གྱིས་སློབ་གྲྭ་སྒྲུབ་པའི་བསམ་བློའི་འཁྱེར་སོ་དང་སྐྱེད་སྲིང་མ་དཔེའི་གནད་དོན།
གོང་དུ་བསྟན་པའི་དཔྱད་རྩོམ་གྱི་ཁ་ཕྱོགས་དག་ནི་དཔྱད་རྩོམ་འབྲི་མཁན་རྣམས་ལ་ཟུར་ལྟའི་ཚུལ་དུ་ཕུལ་བ་ཡིན།  དཔྱད་རྩོམ་གྱི་ཁ་བྱང་རང་ཉིད་ནས་འདེམ་དགོས།
གཉིས།    དཔྱད་རྩོམ་གྱི་རེ་འདུན།
1 དཔྱད་རྩོམ་གྱི་ཁ་བྱང་རང་ཉིད་ནས་འདེམ་ཆོག་པ་དང་ནང་དོན་ལ་འང་རང་ཉིད་ནས་ཞུ་དག་གཏོང་དགོས།
2 དཔྱད་རྩོམ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་བྲིས་ཆོག་ལ།  བོད་རྒྱ་ཡིག་རིགས་གང་གིས་བྲིས་ཀྱང་ཡིག་འབྲུ་སུམ་བརྒྱ་ཡས་མས་ཀྱི་རྒྱ་ཡིག་གི་ནང་དོན་གནད་བསྡུས་དང་མིང་ཚིག་གསུམ་ནས་བཞིའི་བར་གྱི་གནད་ཚིག་ཡོད་དགོས།  (བོད་ཡིག་གི་དཔྱད་རྩོམ་ལ་ངེས་པར་དུ་བོད་ཡིག་གི་ནང་དོན་གནད་བསྡུས་དང་གནད་ཚིག་འགོད་དགོས)
3 དཔྱད་རྩོམ་གྱི་ལྟ་ཚུལ་ཁ་གསལ་ཞིང་སྒྲུབ་བྱེད་ཡང་དག་པ།  གྲངས་ཀ་རྣམས་ཡིད་རྟོན་རུང་བ།  དཔེ་རིས་གྲ་དག་པ།  ལུང་ཁུངས་ཚད་ལྡན་ཡིན་པ། གོ་རིམ་གསལ་བ་བཅས་ཡིན་དགོས།
4 དཔྱད་རྩོམ་གྱི་པར་ངོས་བཀོད་སྒྲིག་དང་ཡིག་གཟུགས་ཐད་ཀྱི་རེ་བ་ནི་བོད་ཡིག་གི་དཔྱད་རྩོམ་ཡིན་ན།  Wordཡིག་ཆ་དང་ཧི་གཟུགས།  ཡི་གེའི་ཆེ་ཆུང(小二号)ཡིན་དགོས་ལ་མཉམ་དུ་གློག་རྡུལ་པར་མ་ཡང་བསྐུར་དགོས།   ཤོག་བུའི་ཆེ་ཆུང(A4)ཡིན་དགོས།
རྒྱ་ཡིག་གི་དཔྱད་རྩོམ་ནིWordཡིག་ཆ་དང་། སུང་གཟུགས(宋体)དང་།   ཡི་གེའི་ཆེ་ཆུང(小四号)ཡིན་དགོས་ལ་མཉམ་དུ་གློག་རྡུལ་པར་མ་ཡང་བསྐུར་དགོས།   ཤོག་བུའི་ཆེ་ཆུང(A4)ཡིན་དགོས།
5 དཔྱད་རྩོམ་གྱི་ཡིག་གྲངས་ཀྱི་ཚད་ནི་ཡིག་འབྲུ་སུམ་སྟོང་ནས་ལྔ་སྟོང་བར་ཡོད་དགོས། (བོད་ཡིག་ཚེག་ཁྱིམ་ལྟར་བརྩི་རྒྱུ)
6 དཔྱད་རྩོམ་བསྡུ་མཚམས་འཇོག་པའི་དུས་ཚོད་ནི2011ལོའི་སྤྱི་ཟླ11པའི་ཚེས30ཉིན་བར་ཡིན།
གསུམ།    སློབ་སྐར་དང་དཔྱད་རྩོམ་པར་སྐྲུན།
         དཔྱད་རྩོམ་བསྐུར་བ་དང་ཚོགས་འདུར་ཞུགས་མཁན་གྱི་མི་སྣར་རྒྱུན་མཐུད་སློབ་གསོའི་སློབ་སྐར་སྟེར་རྒྱུ་དང་།  ཆེད་དུ་ཚོགས་འདུར་བདམས་པའི་དཔྱད་རྩོམ་རྣམས་དག་སྒྲིག་སྒོས་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་དངོས་སུ་པར་སྐྲུན་བྱེད་རྒྱུ།  དེའི་ཁྲོད་ནས་ཕུལ་བྱུང་དཔྱད་རྩོམ་དག《ཀྲུང་གོའི་བོད་ཀྱི་གསོ་རིག》དུས་དེབ་ཏུ་འགོད་རྒྱུ་ཡིན།
ཤོག་པར་དཔྱད་རྩོམ་བསྐུར་ཡུལ།  མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཁུ་ནུ་ལམ་སྒོ་རྟགས་ཨང16པ། བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཚེ་རིང་རྣམ་རྒྱལ་ཡིན། སྦྲག་ཨང810001ཡིན།(青海省西宁市昆仑路16号藏医学院  才让南加    邮编:810001)
གློག་པར་དཔྱད་རྩོམ་བསྐུར་ཡུལ།   tibetanmedicine@live.com
འབྲེལ་གཏུགས་ཁ་པར་ཨང་གྲངས། 18797151599

མཚོ་སྔོན་སློབ་ཆེན་སྐབས་དང་པོའི་བོད་ལུགས་གསོ་རིག་སློབ་གསོའི་བགྲོ་གླེང་ཚོགས་འདུའི་དྲུང་ཡིག་ཚོགས་པས།
2011ལོའི་སྤྱི་ཟླ10བའི་ཚེས31ཉིན་ལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།