སྐབས་གཉིས་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་སློབ་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-02 11:26:00 ཀློག་གྲངས།:


སྐབས་གཉིས་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་མཛད་སྒོ་
པེ་ཅིང་དུ་བསྡུས།

  ཟླ11བའི་ཚེས1ཉིན་གྱི་སྔ་དྲོར། སྐབས་གཉིས་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་མཛད་སྒོ་པེ་ཅིང་བོད་སྨན་ཁང་དུ་གཟབ་རྒྱས་ངང་བསྡུས། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ནས་ཡོང་བའི་བོད་ལུགས་གསོ་རིག་ཆེད་མཁས་པ་དང་། པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་བོད་ལུགས་གསོ་རིག་ཆེད་མཁས་པ། དེ་མིན་པེ་ཅིང་བོད་སྨན་ཁང་གི་ལས་བྱེད་མི་སྣ་སོགས་མི60ལྷག་མཛད་སྒོ་ལ་ཞུགས་ཤིང་། དེའི་རྗེས་སུ་ཉིན12རིང་གི་ཟབ་སྦྱོང་ལ་ཞུགས་རྒྱུ་རེད།


མགོ་ལོག་ཁུལ་གྱི་བོད་ལུགས་གསོ་རིག་གི་དགེ་རྒན་ཆེན་མོ་ཏིང་འཛིན་ལགས་ཀྱིས་
མཛད་སྒོའི་སྟེང་གསུང་བཤད་གནང་བཞིན་པ།

  རྒྱུས་ལོན་པ་ལྟར་ན། མགོ་ལོག་ཁུལ་གྱི་བོད་ལུགས་གསོ་རིག་ཆེད་མཁས་པ་གྲགས་ཅན་ཏིང་འཛིན་ལགས་རུས་ནད་དང་ཕྱིའི་སྨན་བཅོས་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་མ་ཟད། གཤགས་ལས་རིག་པ་དང་བོད་ལུགས་གསོ་རིག་གི་ཕྱིའི་སྨན་བཅོས་ལ་གྲུབ་འབྲས་ཆེན་པོ་ཡོད་ལ། ཁོང་གི《སྦྱོང་ཐབས་དང་ཕྱིའི་སྨན་བཅོས་བྱེད་ཐབས》ཀྱི་འཆད་ཁྲིད་བརྒྱུད་ནས་བོད་ཁུལ་གྱི་གསོ་རིག་ལས་བྱེད་མི་སྣའི་སྦྱོང་ཐབས་དང་ཕྱིའི་སྨན་བཅོས་ཀྱི་ཆུ་ཚད་མཐོར་འདེགས་བྱས།
  “རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་དོ་དམ་ཅུའི་ཀྲུང་ལུགས་ཁྱད་འཕགས་རིག་གཞུང་ཚན་ཁག་གི་རྒྱུན་མཐུད་སློབ་གསོའི་རྟེན་གཞི”རུ་བྱས་པའི་པེ་ཅིང་བོད་སྨན་ཁང་གིས་སྲོལ་རྒྱུན་གྱི་གསོ་རིག་དར་སྤེལ་དང་། སྒོས་སུ་བོད་ལུགས་གསོ་རིག་གི་གོང་སྤེལ་ལ་ནུས་པ་ཆེས་ཆེར་བཏོན། རྒྱུས་ལོན་པ་ལྟར་ན་རེབ་འདིའི་སློབ་ཁྲིད་བྱ་འགུལ་ནི་པེ་ཅིང་བོད་སྨན་ཁང་གིས་བོད་སྨན་ཞིབ་འཇུག་ཁང་དང་མཉམ་འབྲེལ་བྱས་ནས་སྤེལ་བའི་རྒྱལ་ཡོངས་ཀྱི་སློབ་ཁྲིད་བྱ་འགུལ་ཐེངས་གཉིས་པ་རེད།


ཟབ་སྦྱོང་ལ་ཞུགས་པའི་ལས་བྱེད་མི་སྣས་ཟིན་བྲིས་འགོད་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།