སྐབས་བདུན་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་དམ་བཅའ་འཇོག་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-02 11:47:00 ཀློག་གྲངས།:


རྟགས་གསལ་གཏོང་བའི་ཡུལ་དངོས།

  ཟླ11བའི་ཚེས1ཉིན། སྐབས་བདུན་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་གནང་བའི་བྱ་འགུལ་གྲས་ཀྱི་རྟགས་གསལ་གཏོང་བའི་རྒྱུགས་གཞི་པེ་ཅིང་གི་ལྷ་ཁང་སེར་པོ་ནུབ་མ་ནས་སྤེལ།


དཔྱད་འདེམས་པའི་ཚོགས།

  སྐབས་འདིའི་མཐོ་རམས་པའི་ཡོན་གནས་ཀྱི་འཛིན་གྲྭ་ལ་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་སོགས་བོད་ཁམས་སུ་ཡོང་བའི་སློབ་མ་བསྡོམས་པས12ཡོད། ཟླ11བའི་ཚེས1ཉིན་ནས་ཚེས5བར་དུ། ཁོང་ཚོས་རྟགས་གསལ་གཏོང་བ་དང་ནང་དོན་རིག་པའི་དཔྱད་རྩོམ་གྱི་ཕར་ཕྱིན་དམ་བཅའ་འཇོག་པ་སོགས་རྒྱུགས་གཞི་རབས་དང་རིམ་པ་བརྒྱུད་ནས་དེ་ལས་མཆོག་ཏུ་གྱུར་བའི་སློབ་མ་འགར་མཐོ་རམས་པའི་ཡོན་གནས་གནང་རྒྱུ་རེད།
  རྒྱུས་ལོན་པ་ལྟར་ན། སྐབས་བདུན་པའི་མཐོ་རམས་པའི་ཡོན་གནས་གནང་བའི་མཛད་སྒོ་ཟླ11བའི་ཚེས9ཉིན་བསྡུ་རྒྱུ་ཡིན་ཞིང་། སྐབས་འདིའི་མཐོ་རམས་པའི་ཡོན་གནས་ཀྱི་དཔྱད་སྡུར་ཨུ་ཡོན་ལྷན་ཚོགས་ལ་མི13དང་། ཡོན་གནས་དཔྱད་རྩོམ་གྱི་ཕར་ཕྱིན་དམ་བཅའ་འཇོག་པའི་ཨུ་ཡོན་ལྷན་ཚོགས་ལ་མི7  མཐོ་རམས་པའི་ཡོན་གནས་ཀྱི་ཐོབ་ཐང་ཞིབ་བཤེར་བྱེད་པའི་ཨུ་ཡོན་ལྷན་ཚོགས་ལ་མི6བཅས་ཀྱིས་གྲུབ།  ཁོང་ཚོ་ནི་ཡུལ་གྲུ་སོ་སོ་དང་གྲུབ་མཐའ་སོ་སོའི་འཐུས་ཚབ་རང་བཞིན་གྱི་མཚན་སྙན་གྲགས་ཆེ་བའི་དགེ་བའི་བཤེས་གཉེན་དག་ཡིན་ལ། ཁོང་ཚོས་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་གནང་བར་གཟབ་ནན་ཆེན་པོ་བྱས་ནས་རྒྱུགས་སྤྲོད་མཁན་ལ་ཡོན་གནས་གནང་མིན་གྱི་ཐག་གཅོད་པ་ཡིན།

 
རྒྱུགས་རའི་ཡུལ་དངོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།