སྐབས་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་འདེམས་པའི་ཐད་ཀྱི་བརྡ་སྦྱོར།
རྒྱ་ཆེ་བའི་སྦྲང་ཆར་ཀློག་པ་པོ་རྣམ་པ།
ཉེ་ལམ། སྦྲང་ཆར་རྩོམ་སྒྲིག་ཁང་གིས་སྐབས་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་མཛད་སྒོ་ཞིག་སྤེལ་འཆར་ཡོད་ལ། ཀློག་པ་པོ་དག་གིས་རྩོམ་རིག་གདམ་པའི་གནས་ཚུལ་ལྟར་བྱ་དགའི་ཨང་རིམ་བཀར་རྒྱུ་ཡིན་པས། རྒྱ་ཆེ་བའི་སྦྲང་ཆར་ཀློག་པ་པོ་དག་གིས་གཤམ་གྱི་གསལ་བཤད་ཞིབ་མོར་བཀླག་རྗེས་གདམ་པར་འཚལ།
1. 2009-2011ལོའི《སྦྲང་ཆར》(སྤྱིའི་དེབ་གྲངས112པ་ནས 123པའི་བར)དུ་སྤེལ་པའི་སྒྲུང་གཏམ་དང་། ལྷུག་རྩོམ། རྩོམ་རིག་དཔྱད་བརྗོད་བཅས་ནི་གདམ་བྱའི་རྩོམ་ཡིག་གི་ཁོངས་སུ་གཏོགས།
2. འདེམ་བྱང་སྟེང་སྦྲང་ཆར་རྩོམ་རིག་བྱ་དགའ་འཐོབ་མཁན་གསུམ་དང་སྨྱུག་གསར་བྱ་དགའ་འཐོབ་མཁན་གཉིས། རྩོམ་རིག་དཔྱད་བརྗོད་བྱ་དགའ་འཐོབ་མཁན་གཅིག་སྟེ་ཁྱོན་བསྡོམས་གདམ་བྱའི་རྩོམ་མིང་དྲུག་ལས་བྲི་མི་རུང་ལ། “བྱ་དགའི་མིང”གི་རེའུ་མིག་ནང་དེ་དག་གང་ཡིན་པའི་གོ་རིམ་མ་འཁྲུགས་པར་གསལ་བོར་བྲི་དགོས།
3. འདེམ་བྱང2011ལོའི་ཟླ11པའི་ཟླ་མཇུག་ཏུ་སྡུད་མཚམས་འཇོག་རྒྱུ་ཡིན།
གདམ་བྱའི་རྩོམ་གྱི་མིང་། | རྩོམ་པ་པོའི་མིང་། | དེབ་གྲངས། | རྩོམ་ལུས། | བྱ་དགའི་མིང་། |
འདེམ་མཁན་གྱི་མིང་། ལས་རིགས།
སྡོད་གནས་དང་ལས་ཁུངས། སྦྲག་ཨང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com