《སྐལ་བཟང་མེ་ཏོག》དུས་དེབ་སྤེལ་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-08 10:39:00 ཀློག་གྲངས།:


ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་《སྐལ་བཟང་མེ་ཏོག》གི་རྩོམ་སྒྲིག་པ་
གཞོན་པ་དང་། རྩོམ་པ་པོ་ལཱི་ཁྲིན་གྱིས་ཚོགས་འདུ་ལ་མདོ་འཛིན་བྱེད་བཞིན་པ།

  ཟླ11པའི་ཚེས4ཉིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩོམ་རིག་དུས་དེབ《སྐལ་བཟང་མེ་ཏོག》སྤེལ་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་གཙོས་གྲོང་ཁྱེར་ནས་བསྡུས། ཀན་ལྷོའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་དང་། རྩོམ་པ་པོ། སྙན་ངག་པ་སོགས་མི60ལྷག་གྲོས་ཚོགས་ལ་ཞུགས་ནས《སྐལ་བཟང་མེ་ཏོག》དུས་དེབ་འདིའི་བགྲང་བྱ་སུམ་ཅུ་རིང་གི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱི་མིག་དང་མ་འོངས་པར་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་གྲོས་འཆར་གང་ལེགས་བཏོན།


ཀན་ལྷོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་གཞོན་པ་དང་།
《སྐལ་བཟང་མེ་ཏོག》གི་རྩོམ་སྒྲིག་པ་གཙོ་བོ་རིན་ཆེན་ཚེ་དགའ་ལགས་ཀྱིས་གཏམ་བཤད་གནང་།

  ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་གཞོན་པ་དང་། 《སྐལ་བཟང་མེ་ཏོག》གི་རྩོམ་སྒྲིག་པ་གཙོ་བོ་རིན་ཆེན་ཚེ་དགའ་ལགས་ཀྱིས་ཚོགས་འདུའི་སྟེང་ཤིས་ཚིག་ཕུལ། ཁོང་གིས་བསྟན་དོན། ལོ་ངོ་སུམ་ཅུའི་རིང《སྐལ་བཟང་མེ་ཏོག》རྩོམ་རིག་དུས་དེབ་ཀྱིས“མི་རིགས་རིག་གནས་སྲིད་ཇུས་དྲིལ་སྒྲོག་དང་། མི་རིགས་རིག་གནས་དར་སྤེལ། མི་རིགས་འཕེལ་རྒྱས་སྐུལ་འདེད། མི་རིགས་མཐུན་སྒྲིལ་ཇེ་ལེགས”སུ་གཏོང་བའི་དགོངས་དོན་བརྩི་སྲུང་དང་། “ཀན་ལྷོར་རྐང་ཚུགས་ཤིང་བོད་ཁམས་ཡོངས་སུ་ཁ་ཕྱོགས་པའི”བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མི་རིགས་རིག་གནས་འཛིན་སྤེལ་དང་མི་རིགས་མཐུན་སྒྲིལ་ཡར་སྐུལ་བྱེད་པར་ནུས་པ་ཆེན་པོ་བཏོན་ཞིང་བྱས་རྗེས་མི་དམན་པ་བསྐྲུན། དུས་དེབ་འདི་སྤེལ་བ་ནས་བཟུང་། 《སྐལ་བཟང་མེ་ཏོག》གིས་ཁྱོན་བསྡོམས་དུས་དེབ་འདོན་ཐེངས74སྤེལ་ལ། བརྩམས་སྒྲུང་དང་། སྙན་ངག འབོལ་རྩོལ། དམངས་ཁྲོད་རྩོམ་རིག་སོགས་རྩོམ་རིག་བརྩམས་ཆོས་ཀྱི་ཡིག་གྲངས་བྱེ་བ1ལྷག་འགྲེམ་སྤེལ་བྱས། ང་ཚོས《སྐལ་བཟང་མེ་ཏོག》རྩོམ་རིག་དུས་དེབ་དང་ཀན་ལྷོ་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་གྱི་ལས་དོན་གཉེར་བའི་ལས་བྱེད་མི་སྣ་རྣམས་ཀྱིས་ཐོན་སྐྱེད་དང་འཚོ་བའི་ཁྲོད་རྒྱུ་ཆ་སྔོག་འདོན་བྱས་ནས་རང་ས་གནས་ཀྱི་མི་རིགས་རིག་གནས་དར་རྒྱས་ཆེན་པོ་འབྱུང་བར་ཕྱག་རྗེས་གསར་བ་བསྐྲུན་ཏེ་ཀན་ལྷོའི་རྩྭ་ཐང་སྟེང་རྩོམ་རིག་སྒྱུ་རྩལ་གྱི་ལྷའི་རྩལ་ལས་ཐོན་པའི་སྐལ་བཟང་མེ་ཏོག་འདི་ཉིད་སྔར་ལས་རྣམ་པར་བཀྲ་བ་ཞིག་ཏུ་འགྱུར་བར་རེ་སྒུག་བྱེད་ཅེས་བཤད་པ་རེད།


《སྐལ་བཟང་མེ་ཏོག》རྩོམ་སྒྲིག་ཁང་གི་ཀྲུའུ་རིན་པདྨ་དབྱངས་ཅན་གྱིས་གསུང་བཤད་གནང་བཞིན་པ།

《སྐལ་བཟང་མེ་ཏོག》གི་རྩོམ་སྒྲིག་པ་སྔོན་མའམ་རྩོམ་པ་པོ་ལཱི་ཅན་ཀྲིན་གྱིས་གསུང་བཤད་གནང་བཞིན་པ།

  རྒྱུས་ལོན་བྱུང་བ་ལྟར་ན། 《སྐལ་བཟང་མེ་ཏོག》ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། དེ་ག་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་པར་སྐྲུན་བྱས་པའི་རྩོམ་རིག་རྐྱང་རྐྱང་གི་དུས་དེབ་ཅིག་ཡིན་པ་རེད། 1981ལོར། 《སྐལ་བཟང་མེ་ཏོག》གིས་དུས་རབས་ཀྱི་འདེགས་འཇོག་གསར་བ་སྒྱུར་བཞིན་ཀན་སུའི་རྩོམ་རིག་གར་སྟེགས་སྟེང་ལ་སླེབས་པ་དང་། བཅོས་སྒྱུར་སྒོ་འབྱེད་ཁྲོད་རྒྱལ་ཁབ་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་སྒོས་ཀན་སུའུ་ཞིང་ཆེན་མི་རིགས་རྩོམ་རིག་ལོ་རྒྱུས་སྟེང་ཀན་ལྷོ་ལ་རྐང་ཚུགས་པ་དང་ཞིང་ཆེན་ཡོངས་ལ་ཕྱོགས་པའི་སྤྱི་ཚོགས་ཀྱི་འགན་འཁྲི་བཏེག་ཅིང་ཀློག་པ་པོའི་འདོད་བློ་ཚིམས་པར་བྱེད་པའི་རྩོམ་རིག་དུས་དེབ་ཅིག་ཡིན། བགྲང་བྱ་སུམ་ཅུའི་ལོ་རྒྱུས་འབབ་རྒྱུན་རིང་མོའི་ཁྲོད།《སྐལ་བཟང་མེ་ཏོག》འདི་སྔོན་མར་སྲིད་ཇུས་རང་བཞིན་གྱི་སྤེལ་མཚམས་བཞག་མྱོང་ལ། རྗེས་སུ་ཡང་བསྐྱར་སྤེལ་འགོ་བརྩམས། དུས་དང་རྣམ་པ་ཀུན་ཏུ་རྩོམ་རིག་གི་ཡུལ་གྲུ་འདི་ཉིད་བརྟན་སྲུང་བྱེད་པ་དེས་དུས་རབས་ལ་བཅངས་པའི་འགྱུར་མེད་ཀྱི་ལྷག་བསམ་ཞིག་མཚོན་ཐུབ་ཅིང་། ཐེངས་རེ་རེར་ཡང་བསྐྱར་རྩོམ་རིག་གི་བཞུད་ལམ་རིང་མོར་འདོང་བ་དེས་རྩོམ་པ་པོ་དང་། རྩོམ་སྒྲིག་པ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་བཅས་ཀྱིས་རྩོམ་རིག་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་ཁོངས་སུ་སྦས་པ་ཡིན་ནོ།།


《སྐལ་བཟང་མེ་ཏོག》དུས་དེབ་ཀྱི་ཕུལ་བྱུང་སྙན་ངག་དང་ལྷུག་རྩོམ་གྱེར་འདོན་བྱེད་བཞིན་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།