ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཞིག་ལ་སོག་ཡིག་གི་དྲ་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པ།
བརྩམས་སྒྲུང་རྩོམ་མཁན་ཚེ་རིང་དོན་གྲུབ་ལགས།
ཉེ་ཆར། བརྩམས་སྒྲུང་རྩོམ་མཁན་ཚེ་རིང་དོན་གྲུབ་ལགས་ཀྱིས་བོད་ཡིག་གི་ལམ་ནས་བརྩམས་པའི་སྒྲུང་ཐུང《Dསྡེ་བའི་ཀླན་ཀ》ཞེས་པར་རྒྱལ་ཡོངས་ཀྱི་སྐབས་དང་པོའི་སོག་ཡིག་གི་དྲ་རྩོམ་འགྲན་སྡུར་ཁྲོད་བརྩམས་སྒྲུང་གི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
སྒྲུང་ཐུང་དེ་དེ་སྔའི《ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》ཞེས་པའི་དེབ་དེའི་ནང་བདམས་ཡོད་ལ། དེ་ནི་ཁོང་གིས1988ལོར་བརྩམས་ཏེ་ལོ་དེའི《སྦྲང་ཆར》དེབ་གཉིས་པ་རུ་བཀོད་པ་དང། 1990ལོར་རྩོམ་པ་པོ་ཁོང་གིས་རྒྱ་ཡིག་ཏུ་བསྒྱུར་ཏེ《མཚོ་སྔོན་པོ》ཞེས་པའི་དུས་དེབ་ཏུ་བཀོད་ཡོད། 1992ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཚེ་ཕྱུག་གིས་རྒྱ་ཡིག་ནས་སོག་ཡིག་ཏུ་བསྒྱུར་ཏེ་སོག་ཡིག་གི་དུས་དེབ《ཚ་འདམ་གཞུང》ཞེས་པར་བཀོད་པ་དང་། 2008ལོའི་ཟླ7པའི་ཚེས་17ཉིན་གྱི་སོག་ཡིག་གི《ནང་སོག་ཉིན་རེའི་ཚགས་པར》དུ་བརྒྱུད་འགོད་བྱས་ཡོད་ཅིང་། 1996ལོར་ཞིན་ཅང་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་སོག་ཡིག་གི《ཨོ་རོད་དེང་རབས་བརྩམས་སྒྲུང་དང་ལྷུག་རྩོམ་བདམས་བཀོད》ཅེས་པའི་དེབ་ནང་བདམས་ཡོད། 2011ལོར་ནང་སོག་རིག་གནས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་བདམས་སྒྲིག》ཅེས་པའི་སོག་ཡིག་གི་དེབ་ཏུའང་བདམས་ཡོད།
དེ་མིན་སྒྲུང་ཐུང་དེ2005ལོར་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་སྐད་ཀྱི་སློབ་གྲྭ་ཆེན་མོའི་བསླབ་གཞི《དེང་རྩོམ་གཅེས་སྒྲིག》ཅེས་པ་དང་། 2006ལོར་ཞིང་ལྗོངས་ལྔའི་མཉམ་སྒྲིག་བྱས་པའི་བསླབ་གཞི་སྟེ་སློབ་ཆུང་ལོ་རིམ་བརྒྱད་པའི་སྐད་ཡིག་གི་སྨད་ཆ་དུའང་བདམས་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com