མཚོ་ཤར་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་སྐབས་གཉིས་པའི་བོད་བརྒྱུད་ནང་བསྟན་གྱི་གླེང་སྟེགས་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-21 10:31:00 ཀློག་གྲངས།:
  ཉེ་སྔོན། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་བར་ལུང་རྫོང་བྱ་ཁྱུང་དགོན་པ་རུ་མཚོ་ཤར་ས་ཁུལ་གྱི་སྐབས་གཉིས་པའི་བོད་བརྒྱུད་ནང་བསྟན་གླེང་སྟེགས་སྤེལ་བ་རེད། སྐབས་འདིའི་གླེང་སྟེགས་ཀྱིས“ཆོས་སྤེལ་ཁྲིམས་སྲུང་དང་། འཆམ་མཐུན་མཉམ་སྐྲུན།”ཞེས་པ་བརྗོད་གཞིར་བཟུང་ནས་བོད་བརྒྱུད་ནང་བསྟན་དང་འཆམ་མཐུན་སྤྱི་ཚོགས་བར་གྱི་འབྲེལ་བ་དང་འབྲེལ་ནས་གཏམ་བཤད་གནང་། མཚོ་ཤར་ས་ཁུལ་དང་། བར་ལུང་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ། མི་རིགས་ཆོས་ལུགས་དོ་དམ་ཅུའུ། ནང་བསྟན་མཐུན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་དང་། མཚོ་ཤར་ས་ཁུལ་སྐབས་དང་པོའི་ནང་བསྟན་མཐུན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་འགའ། དགོན་སྡེ་གཙོ་ཆེ་འགའི་འགན་ཁུར་བ། བྱ་ཁྱུང་དགོན་པའི་གྲྭ་བཙུན་སོགས་གླེང་སྟེགས་སྟེང་ཞུགས་ཤིང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ལྷན་ཚོགས་ཀྱི་འབྲེལ་ཡོད་མི་སྣ་གླེང་སྟེགས་སྟེང་གདན་འདྲེན་ཞུས།
  སྐབས་འདིའི་གླེང་སྟེགས་སྟེང་། མཚོ་ཤར་ས་ཁུལ་གྱི་དགོན་སྡེ་ཆེ་ཤོས་དག་གི་གྲྭ་བཙུན་བརྒྱད་ཀྱིས་སོ་སོའི་དཔྱད་རྩོམ་དང་འབྲེལ་ནས་གཏམ་བཤད་གནང་། སྐབས་འདིའི་གླེང་སྟེགས་ཀྱི་དམིགས་འབེན་གཙོ་བོ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་ལྟར་བོད་བརྒྱུད་ནང་བསྟན་གྱི་གཞུང་དང་། བསྟན་བཅོས་དཀྲོལ་ཀློག་བྱེད་པ་དང་མཉམ་དུ། བསྟན་བཅོས་ཁྲོད་ཀྱི་རྒྱལ་གཅེས་དང་ཡར་ཐོན་གྱི་དགོངས་པ་དར་སྤེལ་བྱེད་པ།  དེ་མིན་གྲྭ་བཙུན་རྣམས་ལ“ཚུལ་ཁྲིམས་གཞིར་འཛིན་དང་། རྒྱལ་ཁྲིམས་གོང་བཀུར”གྱི་འདུ་ཤེས་འཛིན་པར་སློབ་གསོ་དང་ཁྲིད་སྟོན་བྱས་པར་མ་ཟད། བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཀུན་སྤྱོད་དང་རིག་གནས་དང་མཐུན་པའི་དགེ་མཚན་ཅན་གྱི་བརྗོད་བྱ་དང་། བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་ཚུལ་ཁྲིམས་དགེ་གཉེར་དང་གཞན་ཕན་འདྲ་མཉམ་ཀྱི་བསམ་བློའི་དགོངས་སྙིང་འདོན་སྤེལ་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་པའི་ཁར། མུ་མཐུད་དུ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་སྦྱོར་བྱེད་པར་མཛུབ་སྟོན་བྱེད་པ་དེ་ཡིན་ནོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།