སློབ་གསོ་རོགས་སྐྱོར་ཚོགས་པ་གསུམ་གྱིས་དཀའ་ངལ་སློབ་མར་རོགས་དངུལ་གནང་བའི་མཛད་སྒོ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-21 11:59:00 ཀློག་གྲངས།:


མཚོ་སྔོན་སྒྲོལ་མའི་སློབ་གསོ་རོགས་སྐྱོར་ཚོགས་པའི་རྒྱུན་ལས་ལས་འཛིན་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་
མཛད་སྒོར་མདོ་འཛིན་བྱེད་བཞིན་པ།

ཤར་ཙོང་ཁའི་སྐྱེས་རིའི་སྙིང་རྗེ་ཚོགས་པའི་ཚོགས་གཙོ་ཨ་ལགས་ཁམས་མདའ་ཚང་གིས་གསུང་བཤད་གནང་བཞིན་པ།

  ཟླ11བའི་ཚེས20ཉིན། མཚོ་སྔོན་སྒྲོལ་མའི་སློབ་གསོ་རོགས་སྐྱོར་ཚོགས་པ་དང་། ཤར་ཙོང་ཁའི་སྐྱེས་རིའི་སྙིང་རྗེ་ཚོགས་པ། སི་ཁྲོན་རྔ་བ་མཛོད་དགེ་ཐང་སྐོར་རོགས་སྐྱོར་ཚོགས་པ། མཚོ་སྔོན་པོ་དྲ་བ་བཅས་ཀྱི་མཉམ་སྒྲུབ་བྱས་པའི2011ལོའི་དཀའ་ངལ་ཅན་གྱི་སློབ་ཆེན་སློབ་མར་རོགས་དངུལ་གནང་བའི་མཛད་སྒོ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས།


སི་ཁྲོན་མཛོད་དགེ་ཐང་སྐོར་སློབ་གསོ་རོགས་སྐྱོར་ཚོགས་པའི་འཐུས་མི་མགོན་པོ་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།
མཚོ་སྔོན་སྒྲོལ་མའི་སློབ་གསོ་རོགས་སྐྱོར་ཚོགས་པའི་མཚན་འཛིན་ཚོགས་གཙོ་བན་དེ་ཚེ་རིང་ལགས་ཀྱིས་
གསུང་བཤད་གནང་བཞིན་པ།

  མཚོ་སྔོན་སྒྲོལ་མའི་སློབ་གསོ་རོགས་སྐྱོར་ཚོགས་པའི་རྒྱུན་ལས་ལས་འཛིན་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་མཛད་སྒོར་མདོ་འཛིན་བྱས་ཤིང་། མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱི་དཀའ་ངལ་ཅན་གྱི་སློབ་ཆེན་སློབ་མ34མཛད་སྒོའི་སྟེང་ཞུགས་ཤིང་མི་རེར་རོགས་དངུལ་སྒོར1000སྦྱིན་པ་རེད།


མཛད་སྒོའི་སྟེང་སློབ་མར་རོགས་དངུལ་གནང་བཞིན་པ།

  མཛད་སྒོའི་སྟེང་ཤར་ཙོང་ཁའི་སྐྱེས་རིའི་སྙིང་རྗེ་ཚོགས་པའི་ཚོགས་གཙོ་ཨ་ལགས་ཁམས་མདའ་ཚང་དང་། སི་ཁྲོན་མཛོད་དགེ་ཐང་སྐོར་སློབ་གསོ་རོགས་སྐྱོར་ཚོགས་པའི་འཐུས་མི་མགོན་པོ་རྡོ་རྗེ་ལགས། མཚོ་སྔོན་སྒྲོལ་མའི་སློབ་གསོ་རོགས་སྐྱོར་ཚོགས་པའི་མཚན་འཛིན་ཚོགས་གཙོ་བན་དེ་ཚེ་རིང་ལགས་སོགས་ཀྱིས་སློབ་ཆེན་སློབ་མས་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བར་ཡང་དག་པར་ངོས་འཛིན་དགོས་ཚུལ་དང་། སློབ་ཆེན་སློབ་མས་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་འཛིན་སྤེལ་ཐད་ནུས་ཤུགས་ཇི་ལྟར་འདོན་པ། སྙིང་རྗེ་དང་བརྩེ་སེམས་བཅངས་ནས་སྤྱི་ཚོགས་ཕན་བདེ་བྱ་གཞག་ཁྲོད་ཞུགས་པ་སོགས་ཀྱི་ཐད་གཏམ་བཤད་རྒྱ་ཆེན་པོ་གནང་། མཇུག་མཐར་མཚོ་སྔོན་སྒྲོལ་མའི་སློབ་གསོ་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་མཁའ་འགྲོ་རྒྱལ་ལགས་ཀྱིས་དཀའ་ངལ་ཅན་གྱི་སློབ་ཆེན་སློབ་མར་རོགས་དངུལ་གནང་བའི་མཛད་སྒོ་ལ་སྤྱི་སྡོམ་མཛད་པ་རེད།


མཚོ་སྔོན་སྒྲོལ་མའི་སློབ་གསོ་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་མཁའ་འགྲོ་རྒྱལ་ལགས་ཀྱིས་མཛད་སྒོར་སྤྱི་སྡོམ་མཛད་བཞིན་པ།

མཛད་སྒོའི་སྟེང་ཞུགས་པའི་འབྲེལ་ཡོད་ལས་མི་དང་སློབ་མ་རྣམས་མཉམ་དུ་པར་སྐྱོན་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།