ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་སྐབས་དང་པོའི་བོད་ཀྱི་རིག་གནས་དུས་ཆེན་བྱ་འགུལ་སྤེལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-22 15:31:00 ཀློག་གྲངས།:


ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་པོའི་བོད་ཀྱི་རིག་གནས་དུས་ཆེན་གྱི་རྒྱབ་ལྗོངས།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་པོའི་བོད་ཀྱི་རིག་
གནས་དུས་ཆེན་བྱ་འགུལ་གྱི་ཁྱབ་སྒྲོག་པར་རིས།

          ཟླ11པའི་ཚེས20ཉིན།   གངས་ལྗོངས་རིག་གནས་འབྲེལ་འདྲིས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་སྟེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་སྐབས་དང་པོའི་བོད་ཀྱི་རིག་གནས་དུས་ཆེན་བྱ་འགུལ་སྤེལ་ཞིང་།  འདིར་རྣམ་པ་སྣ་མང་གི་མི་རིགས་རིག་གནས་དུ་མ་མཆིས་ཤིང་གླིང་གའི་ཁག་དུ་མ་དབྱེ་ཡོད་དེ།  མི་རིགས་ཁྱད་ལྡན་གླིང་ག་དང་།  སྒྱུ་རྩལ་གླིང་ག   ཕན་ཚུན་མཉམ་སྐུལ་གླིང་ག   རྒྱུན་འཛིན་གླིང་ག   མི་སྣའི་གླིང་ག    དེང་རབས་ཚན་རྩལ་གླིང་ག་སོགས་ཡོད་ཅིང་།  འདིས་ཚད་ངེས་ཅན་ཞིག་གི་སྟེང་ནས་བོད་མིའི་རིག་གནས་ཀྱི་མཛེས་པ་ཆེན་པོ་མངོན་ཡོད། 


རིག་གནས་གླིང་ག་སོ་སོ།


སློབ་གྲོགས་རྣམས་དངོས་རྫས་ལ་གཟིགས་ཏེ་མཚར་སྣང་སྐྱེས་བའི་རྣམ་པ།

          འདིར་གླིང་ག་སོ་སོར་རང་རང་གི་ཁྱད་ཆོས་ལྡན་ཏེ།  དཔེར་ན་ཕན་ཚུན་མཉམ་སྐུལ་གླིང་ག་རུ་བོད་ཡིག་སློབ་པ་དང་བོད་ཀྱི་བྲོ་གར་སྐོར་སྦྱོང་བ་དང་།  བོད་ཡིག་གི་དྲི་གཞི་བཏོན་ནས་ལན་འདེབས་པ་སོགས་ཀྱི་བྱ་འགུལ་དང་།  རྒྱུན་འཛིན་གླིང་ག་རུ་སྐོར་བྲོ་འཁྲབ་པའི་བྱ་འགུལ་དང་།  པེ་ཅིང་དགེ་ཐོན་སློབ་ཆེན་དུ་སྤེལ་པའི་ཡིག་གཟུགས་འགྲན་བསྡུར་དང་བོད་ཀྱི་དུས་དེབ་སོགས་བཀྲམ་པ་ལྟ་བུ་རེད། དེ་ཡང་ཐང་ག་དང་མ་ཎི་འཁོར་ལོ།  རྒྱན་ཆས།  དཔེ་དེབ།  རྫས་ཆས་སོགས་དངོས་རྫས་སྣ་མང་འདི་རིགས་ཀྱིས་འདིར་ཞུགས་གཟིགས་མོ་བ་ཡོངས་ཀྱི་ཡིད་དབང་ཅིག་ཅར་ཏུ་བཀུག་ཅིང་སྤྲོ་བ་རབ་ཏུ་རྒྱས།


སློབ་གྲོགས་ཚོས་དཔེ་དེབ་ལྟ་ཀློག་བྱེད་པ།


འདི་གར་བཤམས་པའི་བོད་མིའི་དངོས་རྫས་སྣ་ཚོགས།

          འདི་ལས་དེང་རབས་ཚན་རྩལ་དང་བོད་ཀྱི་རིག་གནས་ཟུང་སྦྲེལ་སྒོས་བོད་ཀྱི་རིག་གནས་འཕེལ་རྒྱས་དང་ཡར་སྤེལ་བྱེད་པ་མངོན་ཞིང་།  གངས་ལྗོངས་རིག་གནས་འབྲེལ་འདྲིས་མཐུན་ཚོགས་ཀྱི་ཚོགས་མི་ཞབས་ཞུ་པས་བྱ་འགུལ་ཡུལ་དངོས་སུ་སློབ་གྲོགས་རྣམས་ཀྱི་ལག་ཁྱེར་ཁ་པར་དུAndroidདངiphone། Symbianསོགས་བོད་ཡིག་མཉེན་ཆས་མ་ལག་ནང་འཇུག་བྱས་པ་རེད།


བོད་མིའི་རྒྱན་ཆས།


མིག་མང་འདེབས་པ།

          འདི་ལྟ་བུའི་བྱ་འགུལ་ལས་བོད་ཀྱི་རིག་གནས་རྣམ་པ་ཇེ་རྒྱས་ཇེ་ལེགས་དང་ཕྱོགས་གང་སར་ཁྱབ་པར་དགེ་མཚན་ཆེན་པོ་ལྡན་པ་མ་ཟད།  སློབ་གྲོགས་རྣམས་ཀྱིས་རང་འགུལ་སྒོས་བྱ་འགུལ་འདི་རིགས་རྩ་འཛུགས་བྱས་པར་བརྒྱུད་མི་སྒེར་དང་གནས་འདིའི་བོད་རིགས་སློབ་མའི་སློབ་རའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་།  རྗེས་ཕྱོགས་ཀྱང་བྱ་འགུལ་འདི་རིགས་སྤེལ་པར་ཐོག་མའི་རྨང་གཞི་ལེགས་པོ་བསྐྲུན་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།