བོད་ལྗོངས་ཀྱིས་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འགྲན་ཤུགས་མཐོར་འདེགས་བྱེད་རྒྱུ་ཡིན་པ།
གླུ་བྲོའི་ཟློས་གར་ཆེན་མོ《ཧི་མ་ལ་ཡ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།
རིག་གནས་ནི་མི་རིགས་ཀྱི་བླ་སྲོག་དང་ཉིང་བཅུད་ཡིན་ཞིང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྟེན་ཞིག་ཀྱང་ཡིན་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆོན་གོ་ཡིས་རྒྱལ་ཡོངས་ཀྱི་ཐེངས་བརྒྱད་པའི་ཏང་གི་ཚོགས་ཆེན་གྱི་སྙན་ཞུའི་ཁྲོད་བསྟན་དོན། གཅིག་ནས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་བྱེད་པ་སྟེ། སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ཏེ་རིག་དངོས་དང་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས་ཤིང་། སྲོལ་རྒྱུན་རིག་གནས་ཀྱི་སྔོག་འདོན་དང་། སྲུང་སྐྱོབ། ཉར་ཚགས་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱེད་གནས་འཛུགས་སྐྲུན་བྱེད་པ། གཉིས་ནས་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གོམས་སྟབས་ཇེ་མགྱོགས་སུ་གཏོང་བ་སྟེ། རིག་གནས་བདེ་འཇགས་ཡིན་པ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ཐོག རིག་གནས་སྒྲིག་གཞི་ལེགས་སྒྱུར་བྱེད་པར་མ་ཟད། རིག་གནས་གསར་སྤེལ་དང་། པར་སྐྲུན་འགྲེམ་སྤེལ། གློག་བརྙན་འཕྲིན་སྒྲིག་བཟོ། མི་རིགས་ཀྱི་ལག་ཤེས་སོགས་བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་གོང་སྤེལ་གཏོང་དགོས་ལ། རིག་གནས་དང་། གནས་སྐོར། ཚན་རྩལ། སྐྱེ་ཁམས་ཐོན་ལས་བཅས་ཟུང་སྦྲེལ་བྱེད་པར་སྐུལ་ནས2015ལོའི་བར་དུ་རིག་གནས་ཐོན་ལས་ཀྱི་འཕར་སྣོན་བྱུང་བའི་རིན་ཐང་དེ་ཐོན་སྐྱེད་རིན་ཐང་སྡོམ་འབོར་ཀྱི3%ཡན་ཟིན་པ་དང་རིམ་གྱིས་ལྗོངས་ཡོངས་ཀྱི་སྲོག་ཤིང་དུ་གྱུར་བའི་ཁྱད་ལྡན་ཐོན་ལས་གསར་བ་ཞིག་ཏུ་གྲུབ་དགོས་ཞེས་བཤད་པ་རེད།
དེའི་མཚུངས་སུ་བོད་ལྗོངས་ཀྱིས་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་རིགས་སོ་སོའི་མི་དམངས་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཚོགས་པར་གཏོང་བ་དེ་དམངས་འཚོ་ལེགས་སྒྱུར་བྱེད་པའི་ནང་དོན་གཙོ་བོ་ཞིག་ཏུ་བྱས་ནས་ལྗོངས་དང་། ས་ཁུལ། རྫོང་། ཞང་གྲོང་། སྡེ་བ་བཅས་རིམ་པ་བཞི་བའི་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། རིག་གནས་དམངས་ཕན་གྱི་ལས་གཞི་ལེགས་པོར་སྤེལ་ནས་ས་ཁུལ་ཡོངས་སུ་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་གླིང་། གྲངས་འཛིན་གློག་བརྙན་ཁང་བཅས་ཡོད་པ། རྗོང་སོ་སོར་ཕྱོགས་བསྡུས་རིག་གནས་བྱ་འགུལ་ལྟེ་གནས་དང་། གློག་བརྙན་ཁང་། དཔེ་ཚོང་ཁང་སོགས་ཡོད་པ། སྡེ་བ་སོ་སོར་རིག་གནས་བྱ་འགུལ་ཁང་དང་། ཞང་སྡེ་དཔེ་ཁང་སོགས་ཡོད་དགོས་ཤིང་། དགོན་སྡེ་སོ་སོར་རིག་གནས་དཔེ་ཁང་འཛུགས་སྐྲུན་བྱས་ཏེ་ཚགས་པར་དང་། རྒྱང་སྒྲོག གློག་བརྙན་འཕྲིན་སོགས་ཆ་ཚང་དུ་གཏོང་བ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་གྱི་བྱ་གཞག་གཏིང་ཟབ་སྒོས་སྤེལ་ནས་ཞང་གྲོང་བསམ་པའི་དཔལ་ཡོན་གསར་སྐྲུན་གྱི་བྱ་འགུལ་རྒྱ་ཆེན་པོར་སྤེལ་བ་བཅས་བསྟན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com