ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བོད་ཡིག་དགེ་རྒན་ཟབ་སྦྱོང་བྱ་བ་འགོ་བརྩམས་པ།
རིག་པའི་གནས་ཀུན་ལ་བྱང་ཆུབ་པའི་རྒན་ཨ་མདོ་སངས་རྒྱས་ཀྱིས་འཆད་ཁྲིད་གནང་བཞིན་པ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྤྱིའི་འཕེལ་རྒྱས་དང་བོད་ཡིག་དགེ་རྒན་དཔུང་སྡེ་ལེགས་འཛུགས་སམ་བོད་ཡིག་དགེ་རྒན་རྣམ་པའི་ཤེས་རྒྱ་དང་ནུས་པ་མཐོ་རུ་འདེགས་པའི་དགོངས་དོན་གཞིར་བཟུང་ནས། ཟླ་འདིའི་ཚེས14ཡི་ཕྱི་དྲོའི་དུས་ཚོད་གསུམ་ནས་བཟུང་། སློབ་གྲྭའི་གཞུང་སྒྲུབ་ཐོག་ཁང་གི་ལྔ་ཐོག་ཏུ་བསྟུད་མར་ཟླ་གཅིག་ཙམ་ལ་བོད་ཡིག་དགེ་རྒན་གྱི་ཟབ་སྦྱོང་བྱ་བའི་འགོ་བརྩམས་པ་རེད།
བློ་རྩེ་གཅིག་ཏུ་སྒྲིམ་ནས་རྒན་གྱི་འཆད་ཁྲིད་ལ་ཉན་པའི་ཚུལ།
ཐེངས་འདིར་དབུས་གཙང་ཕྱོགས་ན་མིང་དུ་གྲགས་པའི་དགེ་རྒན་ཆེན་མོ་ཨ་མདོ་སངས་རྒྱས་ལགས་གདན་འདྲེན་བྱས་ཤིང་། གཙོ་བོ་བོད་ཡིག་སློབ་དེབ་གསར་བའི་ཚད་མའི་ཤེས་བྱའི་ཐད་ཀྱི་ཟབ་ཁྲིད་དང་། དུས་རྒྱུན་སློབ་ཁྲིད་ཐད་ཀྱི་དཀའ་གནད། ཚད་མའི་ཁྲིད་ཐབས་ལེགས་ཤོས་སོགས་བགྲོ་གླེང་དང་རྟོག་ཞིབ་བྱས་པ་ཡིན།
རྒན་གྱི་གསུང་འགྲོས་དང་བསྟུན་ནས་དགེ་རྒན་དག་གིས་བྲེལ་མྱུར་སྒོས་ཟིན་བྲིས་འདེབས་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com