བོད་ལྗོངས་ལ་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི800ལྷག་ཡོད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-25 09:27:00 ཀློག་གྲངས།:


བོད་ཀྱི་འཁྲབ་སྟོན་པས་སི་ཕེན་ཏུ《གེ་སར་སྒྲུང》འཁྲབ་སྟོན་བྱེད་བཞིན་པ།(ཡིག་ཆའི་པར་རིས)

  དུས་རབས་གསར་བའི་ནང་དུ་བོད་ལྗོངས་ཀྱི་རིག་གནས་ཀྱིས་ཕུན་སུམ་ཚོགས་པའི་བརྗོད་བྱ་དང་། གློད་ཡངས་ཀྱི་རྣམ་པ། གསར་གཏོད་ཀྱི་སྟངས་ཀ་དང་བཅས་ཏེ་སྐྱེ་སྟོབས་ཀྱི་དཔལ་ཀུན་ནས་འབར།
  བོད་ལྗོངས་ལ་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་རྟེན་གཞི་གཏིང་ཟབ་ཅིག་ཡོད་ཞིང་། བགྲང་བྱ་དུ་མའི་རིང་ལ་བོད་ལྗོངས་རིག་གནས་ལས་ཁུངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས་པ་རེད། རང་སྐྱོང་ལྗོངས་རིག་གནས་ཐིན་ཀྱི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ཏང་གི་སྐབས་བཅུ་བདུན་པའི་འཐུས་མི་ཚོགས་ཆེན་གྱི་ཚུན་དུ་གཟུགས་འདས་ཤུལ་བཞག་རིག་གནས་རྩིས་བཤེར་སྲུང་སྐྱོབ་བྱེད་པའི་བྱ་བ་ལྗོངས་ཡོངས་སུ་འགོ་བརྩམས་ཤིང་། གཟུགས་འདས་ཤུལ་བཞག་རིག་གནས་ལ་ཡོངས་འདུས་དང་། མ་ལག་ཆ་ཚང་བ། ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་བྱས། མིག་སྔར་ལྗོངས་ཡོངས་སུ་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི800ལྷག་ཡོད་པ་དང་། སྲོལ་རྒྱུན་ཟློས་གར་འཁྲབ་སྟོན་ལས་ཁུངས80ལྷག  རྒྱུན་འཛིན་པ་མི1177 མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་རིགས2།། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་མིང་ཐོ་རིགས60། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞིའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་མི53། རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་གཞི་རིགས222། རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ227། རྒྱལ་ཁབ་རིམ་པའི་གནའ་བོའི་བསྟན་བཅོས་རྩ་ཆེན་ཁག34བཅས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།