ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་དཀྱིལ་རྒྱུགས་བྱ་བའི་གཟེངས་བསྟོད་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།: སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-25 11:42:00 ཀློག་གྲངས།:

  
ཚོགས་རའི་ཁྱོན་ཡོངས་སུ་སློབ་གྲོགས་རྣམས་ཀྱིས་རེ་བའི་ངང་ནས་དཔེ་ལེགས་མི་སྣར་བྱ་དགའ་གནང་བར་རེ་སྒུག་བྱེད་བཞིན་པ།

   སློབ་གྲྭ་ཞིག་གི་སློབ་མའི་སློབ་སྦྱོང་གི་ཆུ་ཚད་ལ་ཚད་འཇལ་དང་མཆོག་དམན་ཤན་འབྱེད་བྱེད་དགོས་ན་རྒྱུགས་གཞི་ལས་ཕལ་ཆེར་བརྒྱ་ཆའི་ལྔ་བཅུ་ཡན་གྱི་ཚོད་དཔག་བྱེད་ཐུབ། ཡིན་ཡང་མཐའ་གཅིག་ཏུ་རྒྱུགས་འབྲས་ཁོ་ནས་སློབ་མ་དེའི་སློབ་སྦྱོང་གི་ཆུ་ཚད་གཏན་ལ་ཕབ་མི་ཐུབ། ཟླ11པའི་ཚེས22ཉིན་གྱི་ཕྱི་དྲོར་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་དཀྱིལ་རྒྱུགས་བྱ་བའི་སྤྱི་སྡོམ་དང་གཟེངས་བསྟོད་བྱ་བའི་ཚོགས་འདུ་སློབ་གྲྭའི་ལྒང་རྩེད་ར་བ་ནས་བསྡུས་པ་རེད།


སློབ་གཙོ་གཞོན་པ་སྙིང་ལྕགས་རྒྱལ་ལགས་ཀྱིས་དཀྱིལ་རྒྱུགས་བྱ་བའི་གཟེངས་བསྟོད་ཚོགས་འདུ་སྤྱི་སྡོམ་བྱེད་བཞིན་པའི་ཚུལ།

  ཐེངས་འདིའི་གཟེངས་བསྟོད་བྱ་དགའ་སྟེར་སྲོལ་སྔོན་མའི་སློབ་སྐབས་དང་མི་འདྲ་བར་ལོ་རིམ་དང་པོ་ནས་དགུ་བའི་བར་གྱི་སློབ་མ་སྟོང་གསུམ་ལྷག་གི་ཁྲོད་ནས་བསླབ་ཚན་སོ་སོའི་རྒྱུགས་འབྲས་ཨང་རིམ་ཁྲོད་ཨང་དང་པོ་ནས་ལྔ་བའི་བར་གྱི་སློབ་མ་རྣམ་པར་བྱ་དགའ་གནང་སྟེ་སྐུལ་ལྕག་བྱས་པར་མ་ཟད། འཛིན་གྲྭ63ལས་ཀུན་སྤྱོད་སྔོན་ཐོན་ཅན་གྱི་བྱ་དགའི་རྣམ་གྲངས་ཁ་སྣོན་བྱས་ཏེ་སློབ་མ63ལ་བྱ་དགའ་གནང་བས། རེབ་འདིའི་དཀྱིལ་རྒྱུགས་བྱ་བའི་སྤྱི་སྡོམ་ཁྲོད་ཁྱོན་བསྡོམས་སློབ་མ312ལ་དག་གཙང་ཁ་བཏགས་ཀྱི་དཔའ་དར་དང་། མཚན་སྙན་དཔང་ཡིག  སློབ་མའི་སློབ་སྦྱོང་འཚོ་བར་ཉེར་མཁོའི་དཔེ་དེབ། སྨྱུག་སྒམ། གློག་སྒྲོན་སོགས་དངོས་ཟོག་མང་པོ་ཞིག་གི་སྐུལ་ལྕག་གནང་བ་རེད།
  སློབ་གཙོ་གཞོན་པ་སྙིང་ལྕགས་རྒྱལ་ལགས་ཀྱིས་མདོར་བསྡུས་དང་གཏན་ཚིགས་རང་བཞིན་གྱིས་རྗེས་ཕྱོགས་སློབ་སྦྱོང་འཚོ་བའི་ཁྲོད་སློབ་མ་ཚང་མས་ཧུར་ཐག་དང་སྡུག་རུས། འབད་པ་ཆེར་བསྐྱེད་སྒོས་རིག་གནས་ཡོན་ཏན་ལེགས་པོར་སྦྱང་དགོས་ཤིང་ཡུལ་ཕ་མའི་རེ་བ་དང་རྒན་དམ་པའི་བསླབ་བྱ་དང་དུ་བླངས་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་ལ་བརྩོན་པ་ལྷོད་མེད་བསྐྱེད་དགོས་པའི་བསླབ་བྱ་གནང། དེ་ལས་ཀྱང་ཆེད་དུ་ཞུ་དགོས་པ་ཞིག་ལ་ལོ་རིམ་བརྒྱད་པའི་སློབ་མ་མཁའ་མོ་ཚེ་རིང་གིས་བྱ་དགའི་རྣམ་གྲངས་རེབ་ཐེངས་བདུན་དང་ལོ་རིམ་དགུ་བའི་སློབ་གྲོགས་དབང་ཕྱུག་ཚེ་རིང་གིས་བྱ་དགའི་རྣམ་གྲངས་ལྔ་བླངས་པས་དེར་འདུས་ཀྱི་དགེ་སློབ་སྟོང་གསུམ་ལྷག་གི་དགའ་འབོད་དང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་གྱི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཚོགས་འདུ་བདེ་ལེགས་ངང་མཇུག་རྫོགས་པ་རེད།


ཐེངས་འདིའི་དཀྱིལ་རྒྱུགས་བྱ་བའི་སྤྱི་སྡོམ་ཁྲོད་རྒྱུགས་འབྲས་གཟེངས་སུ་ཐོན་པའི་སློབ་གྲོགས་མཁའ་མོ་ཚེ་རིང་དང་
དབང་ཕྱུག་ཚེ་རིང་གཉིས་ལ་བྱ་དགའ་ཐོབ་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།