འཛམ་ཐང་གིས་ཇོ་ནང་ཚངས་པའི་དབྱངས་རྒྱུན་འཛིན་བྱས་པས་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཡུལ་ཚོ་རུ་བདམས།
“ཀྲུང་གོའི་རོལ་དབྱངས་ལོ་རྒྱུས་ཀྱི་འགྱུར་རྡོ་གསོན་པོ”ཞེས་པའི་མཚན་གསོལ་ཡོད་པའི་ཇོ་ནང་ཚངས་པའི་དབྱངས།
ད་ལོའི་ཟླ5བར་ཇོ་ནང་ཚངས་པའི་དབྱངས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་མིང་ཐོ་འདེམ་ཐེངས་གསུམ་པ་རུ་བདམས་མུར། ཉེ་སྔོན་འཛམ་ཐང་རྫོང་གིས་ཇོ་ནང་ཚངས་པའི་དབྱངས་རྒྱུན་འཛིན་བྱས་པར་བརྟེན་རྒྱལ་ཁབ་རིག་གནས་པུའུ་ཡིས2011-2013ལོ་འཁོར་གྱི“ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཡུལ་ཚོ”རུ་བདམས་པ་ཁྱབ་བསྒྲགས་བྱས།
རྒྱུས་ལོན་བྱུང་བ་ལྟར་ན་ཇོ་ནང་ཚངས་པའི་དབྱངས་ནི་མིག་སྔའི་བར་དུ་རྒྱུན་འཛིན་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་ཆེས་སྔ་མའི་རོལ་དབྱངས་ཀྱི་རིགས་ཤིག་ཡིན་ཞིང་། རོལ་དབྱངས་ཞིབ་འཇུག་གི་ཁུངས་སུ“ཀྲུང་གོའི་རོལ་དབྱངས་ལོ་རྒྱུས་ཀྱི་འགྱུར་རྡོ་གསོན་པོ”ཞེས་པའི་མཚན་གསོལ་ཡོད་པ་རེད།
ཇོ་ནང་ཚངས་པའི་དབྱངས་ནི་གཡའ་དག་པའི་མེ་ལོང་ཇི་བཞིན་རྒྱལ་བ་དེ་བཞིན་གཤེགས་པའི་དངོས་གནས་སྙིང་རྗེ་དང་ཤེས་རབ་རྒྱུད་ནས་བདེན་པ་དང་། བརྩེ་བ། མཆོག་མཛེས། བློ་གྲོས་བཅས་སྒྱུ་རྩལ་གྱིས་ལམ་ནས་འཚོལ་སྙེག་བྱེད་པ་མངོན་མཚོན་བྱེད་པ་བརྒྱུད། བསྟན་པའི་ཆོས་དང་། ནང་སེམས་དབང་འབྱོར། སྤྱི་ཚོགས་ལེགས་བཅོས་བཅས་ཀྱི་ཕན་ནུས་ལ་མཆོད་བརྗོད་བྱེད་པར་མ་ཟད། སེམས་ཅན་འཇིག་རྟེན་རྫོགས་པར་སྟོན་པ་དང་སྦྱིན་པའི་ཕར་ཕྱིན་བཅས་ཀྱི་དགོངས་སྙིང་ཟབ་མོ་མངའ། བསྟན་པའི་རོལ་དབྱངས་འདིས་ཇོ་ནང་ཚངས་པའི་དབྱངས་ཀྱི་གདོད་མའི་ཁྱད་ཆོས་ལེགས་པོར་འཛིན་སྐྱོང་བྱས་ཡོད་པས་སྲོལ་རྒྱུན་གྱི་ནང་བསྟན་རོལ་དབྱངས་རིག་གནས་ཞིབ་འཇུག་བྱེད་པར་རྒྱུ་ཆ་རྩ་ཆེན་དང་གསོན་ཤུགས་ལྡན་པའི་དཔེ་མཚོན་འདོན་སྤྲོད་བྱས།
ཇོ་ནང་ཚངས་པའི་དབྱངས་འཛིན་སྤེལ་བྱེད་པའི་ཡང་མེས་རྣམས་ཀྱིས་རོལ་དབྱངས་འདི་ངག་དང་ཐུགས་ནས་མི་རབས་ནས་མི་རབས་ལ་བརྒྱུད་པའི་ཁར། དབྱིབས་གཟུགས་དང་སྦོམ་ཕྲ་མི་འདྲ་བའི་དཔེ་རིས་སྣ་ཚོགས་ལ་བརྟེན་ནས་རིང་ཐུང་དང་མཐོ་དམའི་འགྱུར་ཁུག་མཚོན་པའི་དུས་འཁོར་རྡོ་རྗེའི་དབྱངས་ཡིག་འབྲི་ལུགས་གསར་གཏོད་བྱས་ཤིང་། དུས་ད་ལྟའི་བར་དུ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་གི་ཇོ་ནང་གཙང་བ་དགོན་དུ་དབྱངས་དཔེ་བྲིས་མ་གཞི་བྱས་ནས་ལོ་ངོ་དྲུག་བརྒྱའི་རིང་དུ་དབྱངས་གཞུང300ལྷག་རྒྱུན་འཛིན་བྱས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com