མཚོ་སྔོན་དགེ་ཐོན་སློབ་ཆེན་མཚོ་ལྷོ་སློབ་ཁུལ་ནས“11.29”སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བཞི་པ་ཚོགས་པ།
མདོ་འཛིན་པས་འགྲན་ཚོགས་ལ་མདོ་འཛིན་བྱེད་བཞིན་པ།
བོད་ཀྱི་རྩོམ་རིག་གི་དེད་དཔོན་ཆེན་མོ་དང་རང་མོས་སྙན་ངག་གི་ཤིང་རྟ་ཆེན་མོ་དཔལ་དོན་གྲུབ་རྒྱལ་མཆོག་སྐུ་གཤེགས་ནས་ལོ་འཁོར་ཉེར་དྲུག་ལོན་པའི་ཉིན་མོར། མཚོ་སྔོན་དགེ་ཐོན་སློབ་ཆེན་མཚོ་ལྷོ་སློབ་ཁུལ་ནས་ཁོང་ལ་རྗེས་དྲན་ཞུ་བའི“11.29”སྙན་ངག་གྱེར་འདོན་འགྲན་ཚོགས་ཚོགས་པ་རེད། ཟླ11པའི་ཚེས29ཉིན་གྱི་ཕྱི་དྲོར་སྤེལ་བའི་འགྲན་ཚོགས་འདིར་ཞུགས་མཁན་དགེ་སློབ་སུམ་བརྒྱ་ལྷག་ཡོད་ཅིང་། འགྲན་ཞུགས་པ་མི་བཅུ་གཅིག་འདུག་པ་ཚང་མས་དཔལ་དོན་གྲུབ་རྒྱལ་གྱི་སྙན་ངག་བརྩམས་ཆོས་དང་། ཁོང་ལ་རྗེས་དྲན་ཞུ་ཆེད་དུ་རང་ཉིད་ཀྱིས་བྲིས་པའི་སྙན་ངག་དབྱངས་ལ་གྱེར་ནས་སེམས་ཁོང་གི་གདུང་བ་བརྗོད་པ་རེད། ཐེངས་འདིའི་འགྲན་ཚོགས་ནི་གྲ་སྒྲིག་སྡེ་ཁག་དང2011ལོའི་བོད་ཡིག་འཛིན་གྲྭ་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན་ལ། འགྲན་ཚོགས་ཀྱི་བཀོད་སྒྲིག་འཐུས་ཚང་བ་དང་། གོ་རིམ་ཡོད་པ། དོན་སྙིང་ལྡན་པ་ཞིག་འཁྱོངས་འདུག་ཅེས་དགེ་སློབ་ཚང་མས་བསྔགས་བརྗོད་བྱེད་ཀྱིན་འདུག
འགྲན་ཚོགས་ཀྱི་སྐབས་སུ་བོད་ཡིག་དགེ་རྒན་གུར་མགོན་སྐྱབས་ཀྱིས་དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་ཉེར་དྲུག་ལོན་པའི་རྗེས་དྲན་ཞུ་ཚིག་ཕུལ་པ་དང་། མཇུག་ཏུ་གྲ་སྒྲིག་སྡེ་ཁག་གི་འགོ་གཙོ་རྒན་རིན་ཆེན་ནོར་བུས་མཇུག་བསྡུའི་གཏམ་བཤད་སྤེལ་བ་རེད།
འགྲན་ཞུགས་པས་སྙན་ངག་དབྱངས་སུ་གྱེར་བཞིན་པ།
སྙན་ངག་གྱེར་འདོན་འགྲན་ཚོགས་ལ་ཞུགས་པའི་དགེ་སློབ་རྣམས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com