རྒན་དཔལ་མོ་སོགས་ཀྱིས་བུ་མོ་སློབ་ཆེན་པར་རང་ཉིད་བདག་སྐྱོང་བྱེད་པའི་འཆད་ཁྲིད་བྱ་འགུལ་སྤེལ།
རང་ཉིད་བདག་སྐྱོང་བྱེད་པ་ཞེས་པའི་བརྗོད་དོན་བྱ་འགུལ་ཡུལ་དངོས།
བོད་རིགས་བུ་མོ་སློབ་ཆེན་པར་ཚེ་སྲོག་བདག་སྐྱོང་དང་། རང་ཉིད་གཅེས་སྐྱོང་། བདེ་བླག་ངང་འཚར་ལོངས་འབྱུང་བར་སློབ་གསོ་དང་སྣེ་ཁྲིད་བྱེད་ཆེད། ནུབ་བྱང་མི་རིགས་སློབ་ཆེན་གྱི་རྒན་དཔལ་མོ་དང་། སྐལ་བཟང་མཚོ། ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གསུམ་པའི་སྨན་པ་སྐྱིད་མཚོ་བཅས་ཀྱིས་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཡུའུ་ཀྲུང་སློབ་ཁུལ་དུ་བོད་རིགས་བུ་མོ་སློབ་ཆེན་པ100ལྷག་ལ་རང་ཉིད་བདག་སྐྱོང་བྱེད་པ་ཞེས་པའི་བརྗོད་དོན་བྱ་འགུལ་སྤེལ་པ་རེད།
རང་ཉིད་བདག་སྐྱོང་བྱེད་པ་ཞེས་པའི་བརྗོད་དོན་བྱ་འགུལ་ཡུལ་དངོས།
ཐེངས་འདིའི་འཆད་ཁྲིད་བྱ་འགུལ་གྱི་དམིགས་ཡུལ་ནི་བོད་རིགས་བུ་མོ་སློབ་ཆེན་པས་རང་ཉིད་བདག་སྐྱོང་བྱེད་པ་དང་། དེའི་མཚུངས་སུ་ཁོ་ཚོས་བདེ་ཐང་རྒྱུན་ཤེས་སྐོར་ཉེ་འཁོར་གྱི་མི་རྣམས་ལ་རྒྱུད་སྒྲོག་བྱེད་ཅིང་། གསོ་སྦྱོང་ནང་དོན་འདི་ཉིད་ཀུན་ལ་བསྒྲོགས་པའི་ནུས་པ་ཐོན་ཐུབ་པར་བྱ་བ། ད་ལྟའི་བར་འབྲེལ་ཡོད་བརྗོད་དོན་བྱ་འགུལ་ཐེངས་ལྔ་ལ་སྤེལ་ཞིང་། བྱ་འགུལ་ལ་ཞུགས་པའི་མི700ལྷག་ལ་ཉེ་བ་རེད།
མཉམ་པར་བླངས་པ།
བྱ་འགུལ་གྱི་གོ་རིམ་གཉིས་པའི་ཁྲོད་གཙོ་བོ་ཕན་ཚུན་འབྲེལ་འདྲིས་བྱེད་པ་སྟེ། བུ་མོ་སློབ་ཆེན་པའི་སློབ་སྦྱོང་དང་འཚོ་བ། སེམས་ཁམས་བདེ་ཐང་སོགས་སོ་སོ་ནས་ཕན་ཚུན་གླེང་མོལ་མཉམ་སྐུལ་བྱས་ཤིང་། བུ་མོ་སློབ་ཆེན་པ་དག་གིས་བྱ་འགུལ་འདིའི་རིགས་ལ་དོ་སྣང་དང་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་དེ། རྗེས་ཕྱོགས་སློབ་སྐབས་རེ་རེར་མུ་མཐུད་དུ་བྱ་འགུལ་འདིའི་རིགས་སྤེལ་པར་རེ་སྨོན་བྱེད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com