འབའ་སྟོད་བད་མ་དབང་རྒྱལ་ལགས་ཀྱིས་མཁས་དབང་དགེ་འདུན་ཆོས་འཕེལ་དང་སྙན་རྩོམ་སྐོར་གྱི་འཆད་ཁྲིད་བྱས།

རྩོམ་པ་པོ།:རི་འཚེར་དབང་རྒྱལ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-10 08:04:00 ཀློག་གྲངས།:


འཆད་ཁྲིད་གནང་བཞིན་པ།

          ཉེ་ལམ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཡུའུ་ཀྲུང་སློབ་ཁུལ་གྱི་བོད་ཡིག་ཚོགས་ཆུང་ཞེས་པའི་སློབ་གྲྭའི་ཆོག་མཆན་གང་ཡང་ཐོབ་མེད་པའི་ཚོགས་པ་འདིས་བོད་རིགས་སློབ་མ་མང་བོ་ཞིག་གི་རེ་བ་ཅི་འདོད་དུ་སྐོང་བར།  བསྟུད་མར་སྤྱི་ཚོགས་ཀྱི་ཆེད་མཁས་མི་སྣ་གང་མང་གདན་འདྲེན་ཞུས་ནས་རིག་གནས་སློབ་གསོ་དང་།  བསམ་བློ་སོགས་ཀྱི་ཁྱབ་ཁོངས་གང་མང་ལས་སློབ་མ་རྣམས་ལ་ངེས་ཤེས་ཟབ་མོ་བཞག་ཡོད་པ་རེད།


སློབ་གྲོགས་ཚོས་དྲི་བ་འདོན་བཞིན་པ།

          སློབ་གླིང་འདིར་གཙོ་བོ་རང་བྱུང་ཚན་རིག་གི་གནས་ལ་འཇུག་པའི་རྐྱེན་གྱིས་སློབ་གསོ་དང་རྩོམ་རིག་སོགས་ཀྱི་ཐད་ནས་བོད་རིགས་སློབ་མ་གཞན་དང་བསྡུར་ན་ཅུང་ཞན་པས།  ཐབས་ཤེས་སྣ་ཚོགས་སྤྱད་ནས་ཐེངས་འདིར་ཆེད་དུ་རྒན་ཆེན་མོ་འབའ་སྟོད་བད་མ་དབང་རྒྱལ་ལགས་གདན་འདྲེན་ཞུས་ཏེ་བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་དང་ཁོང་གི་སྙན་ངག་གསར་རྩོམ་སྐོར་གྱི་འཆད་ཁྲིད་བྱ་འགུལ་ཞིག་སྤེལ་ཐུབ་པར་བྱུང་།


བོད་ཡིག་ཚོགས་ཆུང་གི་ཚོགས་མི་ཚོ་དང་མཉམ་དུ་བསྐྱོན་པའི་འདྲ་པར།

           དེ་ཡང་རྒན་ལགས་ཀྱིས་དགེ་ཆོས་ཀྱི་མི་ཚེ་རིན་ཐང་དང་ཁོང་གི་སྙན་ངག་གིས་འགྲོ་བ་མིའི་རིགས་དང་སྤྱི་ཚོགས་འདི་ལ་ནུས་བ་ག་འདྲ་ཞིག་ཐོན་ཡོད་པ།     ཁྱབ་ཁོངས་ག་འདྲ་ཞིག་ནས་མི་རིགས་འདིས་ཁོང་ལ་བསྔགས་བརྗོད་ག་འདྲ་མཛད་ཚུལ།  ལྷག་པར་དུ་བླ་བྲང་ལ་བསྐུར་བའི་ཀ་རྩོམ་དང་ཨ་མཆོད་ཀྱི་ལོ་རྒྱུས་ཀ་རྩོམ་སོགས་ཀྱི་རྩོམ་ཡིག་དེ་དག་གིས་ཆེད་དུ་དམིགས་པའི་ཁ་གཏད་ལ་ནུས་བ་ག་འདྲ་ཐོན་ཚུལ།  དེ་མིན་དགེ་ཆོས་ལ་ཞིབ་འཇུག་བྱེད་མཁན་གྱི་མི་སྣ་དག་གིས་དགེ་ཆོས་ལ་ཞིབ་འཇུག་བྱེད་སྟངས་དང་ཁོང་གིས་དགེ་ཆོས་ལ་གོ་བ་ལེན་སྟངས་སོགས་རེ་རེ་ངང་བརྗོད་ཅིང་།   ད་དུང་སློབ་གྲོགས་ཚོས་དགེ་ཆོས་ཕྱོགས་ཀྱི་དྲི་བ་གང་མང་དྲིས་པར་ཡིད་ཚིམ་པའི་དྲི་གཞིའི་ལན་བཏབ་ནས་སློབ་གྲོགས་ཚོར་མྱོང་སྣང་ཟབ་མོ་ཐོབ་པས། ཐེངས་འདིའི་འཆད་ཁྲིད་བྱ་འགུལ་འདི་ཅུང་དོན་སྙིང་ཡོད་པ་དང་དགེ་མཚན་ལྡན་པར་མཐོང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།