ཁྲི་ཀ་བཅའ་སྡོད་སློབ་གྲྭས་འཕྲོད་བསྟེན་དང་སེམས་ཁམས་བདེ་ཐང་སྐོར་གྱི་འཆད་ཁྲིད་བྱ་འགུལ་སྤེལ་པ།
ལུང་དང་དཔེ་མཚོན་སྣ་མང་སྦྱར་ནས་རྨ་མེད་པའི་འཆད་ཁྲིད་གནང་བཞིན་པ།
སློབ་གསོའི་སྤུས་ཚད་མཐོར་འདེགས་དང་བདེ་འཇགས་སློབ་གྲྭ། དཔལ་ཡོན་སློབ་གྲྭར་བརྩོན་ལེན་བྱ་ཆེད། ཆེད་དུ་དགེ་རྒན་ཉམས་མྱོང་ཅན་ཉེ་ཞོ་པིན་ལགས་གདན་དྲངས་ནས་ཉེ་སྔོན་སློབ་གྲྭའི་སྐས་རིམ་ཚོམས་ཆེན་དུ་སློབ་འབྲིང་སློབ་མའི་གཙང་སྦྲ་འཕྲོད་བསྟེན་སྐོར་དང་སློབ་མའི་སེམས་ཁམས་བདེ་ཐང་སྐོར་གྱི་འཆད་ཁྲིད་རྨ་མེད་པ་ཞིག་གནངས།
རེབ་འདིའི་ལུས་ཁམས་འཕྲོད་བསྟེན་སྐོར་གྱི་འཆད་ཁྲིད་ཁྲོད། དགེ་རྒན་ཉེ་ཞོ་པིན་ལགས་ཀྱིས་ལང་ཚོའི་དུས་ལ་སླེབས་པའི་སློབ་མའི་ལུས་ཁམས་ཀྱི་འཕོ་འགྱུར་དང༌། སེམས་ཁམས་ཀྱི་འགྱུར་ལྡོག་ཐད་ཉེ་བའི་ལོ་འགའི་རིང་སློབ་གྲྭ་ལ་ལར་བྱུང་བའི་དོན་རྐྱེན་མང་པོ་དཔེ་མཚོན་བྱས་ཏེ་ཁྲིམས་ལུགས་དང་གཞི་གཅིག་ཏུ་སྦྱར་ནས་གནད་དོན་རེ་རེ་འབྱུང་བའི་རྒྱུ་རྐྱེན་དང་གནད་དོན་དེ་ཐག་གཅོད་ལུགས་སོགས་ལུང་སྣ་ཚོགས་དྲངས་ནས་མཉམ་འཇོག་བྱེད་དགོས་ས་ཞིབ་གསལ་དག་གསུམ་གྱི་སྒོ་ནས་སློབ་མ་རྣམ་པར་ངེས་ཤེས་གསར་བ་དང་གྲ་སྒྲིག་གང་ལེགས་ཀྱི་ཅོང་བརྡ་བཏང་བ་མ་ཟད། ལྷག་པར་ནམ་ཟླ་རིམ་བཞིན་འཁྱག་པའི་དགུན་ཁའི་དུས་སུ་ནད་རིགས་འབྱུང་སླ་བས། ནད་རིགས་སྔོན་འགོག་ཐད་གཙང་སྦྲ་འཕྲོད་བསྟེན་ལ་གཟབ་གཟབ་དང་དུས་རྒྱུན་གྱི་ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་ལྭ་བའི་བརྗེ་སོར་ལ་དེ་བས་ཀྱང་ཡིད་འཇོག་བྱེད་དགོས་པའི་སློབ་གསོ་རབ་དང་རིམ་པ་བཏང་བས་སློབ་གྲོགས་རྣམས་ཀྱིས་འུར་མེད་ལྷིང་འཇགས་དང་ནན་ཏན་རིག་རིག་མིག་གིས་འཆད་ཁྲིད་ཀྱི་མགོ་མཇུག་བར་གསུམ་ཆད་ལྷག་མེད་པར་གསན་ཐུབ་པ་བྱུང༌།
འཆད་ཁྲིད་འདི་བརྒྱུད་ནས་རྗེས་ཕྱོགས་ཀྱི་སློབ་སྦྱོང་འཚོ་བར་རམ་འདེགས་གང་ལེགས་གནངས་བ་དང་སློབ་མའི་སྐྱེ་འཚར་གྱི་གོ་རིམ་ཁྲོད་དུ་སེམས་ཁམས་བདེ་ཐང་དང་ལུས་ཁམས་ལེགས་འཕེལ། ནད་རིགས་སྔོན་འགོག་བཅས་ལ་ཁ་ཕྱོགས་ཡག་པོ་ཞིག་བསྟན་པས་སང་ཉིན་གྱི་སློབ་བུ་འདི་དག་བདེ་ཐང་དང་ཚུལ་མཐུན་གྱི་སློབ་འབྲིང་སློབ་མ་ལེགས་ཤོས་ཤིག་ཉན་པར་ནུས་པ་གལ་ཆེན་ཐོན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com