ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་ཚོགས་ཆུང་གིས་བརྒྱུད་འཚོ་ཞེས་པའི་བགྲོ་གླེང་ཚོགས་པ།
བགྲོ་གླེང་བྱེད་བཞིན་པའི་ཚུལ།
ཟླ12བའི་ཚེས9ཉིན་གྱི་དགོང་མོ་དུས་ཚོད6:30སྟེང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཡིག་སྡེ་ཁག་གི་རྩོམ་རིག་ཚོགས་པའི་རིག་གནས་ཐོག་ཁང་གི་སློབ་ཁང409ནང“བརྒྱུད་འཚོང”སྐོར་གྱི་བསམ་བློའི་བགྲོ་གླེང་འཚོགས་པ་རེད།
རྩོམ་རིག་ཚོགས་ཆུང་ནི2008ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་སློབ་གླིང་གི་རྒྱབ་སྐྱོར་དང་རྒན་དཔའ་རྩེ་སོགས་ཀྱི་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས།བོད་ཡིག་སྡེ་ཁག་གི་སློབ་མ་འགའི་རང་ཐད་ཀྱི་སྒོ་ནས་བཙུགས་པ་ཡིན་ཞིང་།ད་ལྟའི་བར་རྒྱུན་མ་ཆད་པར་སྤེལ་བཞིན་ཡོད།
ཐེངས་འདིའི་བགྲོ་གླེང་གི་ནང་དོན་གཙོ་བོ་ནི་དེང་སྐབས་སྤྱི་ཚོགས་སྟེང་དུ་བྱུང་བཞིན་པའི“བརྒྱུད་འཚོང”སྐོར་ལ་ཁ་ཕྱོགས་ནས་ཞུགས་མི་རྣམས་ཀྱིས་རང་ཉིད་ཀྱི་ལྟ་བ་བརྗོད་པ་ཡིན་ལ།བགྲོ་གླེང་སྟེང་དུ་སློབ་མ41ལྷག་བཞུགས་ཡོད། ཐོག་མར་ཚོགས་མི་རྒན་པ་བུ་ཆུང་གིས་ཞུགས་མི་རྣམས་ལ་བརྒྱུད་འཚོང་ནི་ཅི་ལྟ་བུ་ཞིག་ཡིན་པ་དཔེར་བརྗོད་ཀྱི་སྒོ་ནས་གསལ་བཤད་དང་། བརྒྱུད་འཚོང་གིས་དེང་སྐབས་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་དག་མདོར་བསྡུས་སྒོས་ངོ་སྤྲོད་བྱས་པ་དང་མཉམ་དུ་བགྲོ་གླིང་གི་འགོ་བརྩམས་པ་རེད། དེ་ནས་སློབ་རིམ་བཞི་བའི་སློབ་མ་ལྷ་རྗེ་དཔལ་གྱིས་བརྒྱུད་འཚོང་ནི་ཁྲིམས་འགལ་གྱི་བྱ་བ་ཞིག་ཡིན་མོད། འོན་ཀྱང་ད་སྐབས་སྤྱི་ཚོགས་སྟེང་དུ་བརྒྱུད་འཚོང་གི་ལམ་ལ་ཞུགས་མཁན་གྱི་མི་ནི་ཇེ་མང་ནས་ཇེ་མང་ཡིན། འདིའི་རྩ་བའི་གནད་དོན་ཅི་ཡིན་ཟེར་ན། གཅིག་ནི་རྗེས་ལུས་ཀྱི་སྤྱི་ཚོགས་འདིར་ཡིད་རྨོངས་མ་མང་པོ་ཡོད་པས་བརྒྱུད་འཚོང་སྐོར་གྱི་ཤེས་བྱ་དང་ནག་ཉེས་དག་ལ་རྒྱུས་ལོན་མ་བྱས་པར་དེ་ལམ་དུ་ཞུགས་པའི་སྐྱོ་གར་འབྱུངབ་རེད། གཉིས་ནི་ཀྲུང་གོ་མི་གྲངས་ཤིན་ཏུ་མང་བའི་རྒྱལ་ཁབ་ཅིག་ཡིན་པས། དབུལ་ཕྱུག་གི་ཁྱད་པར་དེ་ནམ་ཡང་འགྱུར་ཐབས་མེད། དེ་བས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་དངོས་པོའི་ལོངས་སྤྱོད་འཕེལ་རྒྱས་སུ་གཏོང་རྒྱུ་གལ་ཆེ། གལ་སྲིད་བརྒྱུད་འཚོང་གྱི་སྣང་ཚུལ་དེ་མུ་མཐུད་དུ་ཁྱབ་རྒྱ་ཆེ་རུ་སོང་ཚེ། མི་མང་པོ་ཞིག་སྤྲང་ཁྱིམ་དུ་འགྱུར་བའི་ཉེན་ཁ་ཆེ་ཞེས་གཏམ་བཤད་གནང་། རྗེས་སུ་ཚོགས་གཙོ་ཁ་བ་སྙིང་ལྕགས་ཀྱིས་མི་རྣམས་ཀྱི་བརྒྱུད་འཚོང་ལ་བཟུང་བའི་ལྟ་ཚུལ་དག་ཕྱོགས་བསྡུས་བྱས་ནས་གཏམ་བཤད་ཀྱི་མཇུག་བསྒྲིལ་བ་རེད།
བགྲོ་གླེང་འདིར་རྩོམ་རིག་ཕྱོགས་ལ་སྤྲོ་སྣང་ཡོད་པའི་སློབ་མ་མང་པོ་ཞིག་གི་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ་པ་མ་ཟད། ད་དུང་བཞུགས་མཁན་གྱི་མི་རྣམས་ལ་བསམ་བློ་བརྗེ་རེས་དང་སྤོབས་པ་སྦྱོང་བརྡར་ཕྱོགས་ལ་གོ་སྐབས་གནང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com