གྲངས་ཉུང་མི་རིགས་ཀྱི་གསར་འགྱུར་ཁྱབ་སྒྲོག་ལོ་རྒྱུས་ཞིབ་འཇུག་ཨུ་ཡོན་ལྷན་ཚོགས་བཙུགས་པ།
ཉེ་སྔོན་ཀྲུང་གོའི་གསར་འགྱུར་ལོ་རྒྱུས་སློབ་ཚོགས་གྲངས་ཉུང་མི་རིགས་གསར་འགྱུར་ཁྱབ་སྒྲོག་ལོ་རྒྱུས་ཞིབ་འཇུག་ཨུ་ཡོན་ལྷན་ཚོགས་པེ་ཅིང་དུ་བཙུགས་པ་རེད།
གྲངས་ཉུང་མི་རིགས་གསར་འགྱུར་ཁྱབ་སྒྲོག་ལོ་རྒྱུས་ཀྱི་ཁྱབ་སྒྲོག་ཆེད་ལས་ཨུ་ཡོན་ལྷན་ཚོགས་ནི་རྒྱལ་ཁབ་སློབ་གསོ་པུའུ་དང་དམངས་སྲིད་པུའུ་གཉིས་ཀྱིས་ཆོག་མཆན་གནང་བའི་འོག་བཙུགས་པའི་རིག་གཞུང་ཚོགས་པ་ཞིག་ཡིན་པར་མ་ཟད། རྒྱལ་ནང་གི་གྲངས་ཉུང་མི་རིགས་གསར་འགྱུར་ཁྱབ་སྒྲོག་དེ་ཞིབ་འཇུག་ཁྱབ་ཁུངས་སུ་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་རིག་གཞུང་ཚོགས་པ་གཅིག་པུ་རེད།
བོད་ལྗོངས་མི་རིགས་སློབ་གླིང་གསར་འགྱུར་ཁྱབ་སྒྲོག་སློབ་གླིང་ནི་ཚོགས་པ་འདིའི་འཛུགས་སྤེལ་ལས་ཁུངས་ཡིན་ཞིང་། གསར་འགྱུར་ཁྱབ་སྒྲོག་སློབ་གླིང་གིས་གྲངས་ཉུང་མི་རིགས་གསར་འགྱུར་ཁྱབ་སྒྲོག་ལོ་རྒྱུས་དང་། བྱེ་བྲག་ཏུ་བོད་ལྗོངས་གསར་འགྱུར་ཁྱབ་སྒྲོག་ལོ་རྒྱུས། བོད་སྐད་ཡིག་གི་ཚགས་པར་དང་གྲངས་ཉུང་མི་རིགས་གསར་འགྱུར་ཁྱབ་སྒྲོག་ཁྱབ་ཁོངས་ཀྱི་གཟེངས་སུ་ཐོན་པའི་ཁྱད་ཆོས་དང་དཔྱད་འབྲས་ལ་བརྟེན་ནས་རྒྱུན་ལས་ལས་འཛིན་ལས་ཁུངས་སུ་བྱས་ལ། དགེ་རྒན་ཆེན་མོ་ཀྲིག་ཏི་ཚཱང་ཚོགས་གཙོ་གཞོན་པར་བདམས་པ་དང་། དགེ་རྒན་ཆེན་མོ་ཡེ་ཤེས་ལྷ་མོའི་བོད་མི་རིགས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཞིབ་འཇུག་དང་སློབ་གསོའི་ཁྱབ་ཁོངས་ཀྱི་མཛད་རྗེས་ལ་གཞིགས་ནས་ཚོགས་གཙོ་གཞོན་པར་བདམས་པ་རེད།
ཐེངས་འདིའི་ཚོགས་འདུས་ཀྲུང་གོའི་གསར་འགྱུར་ལོ་རྒྱུས་སློབ་ཚོགས་གྲངས་ཉུང་མི་རིགས་གསར་འགྱུར་ཁྱབ་སྒྲོག་ལོ་རྒྱུས་ཁྱབ་སྒྲོག་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་རྩ་འཛུགས་ལས་ཁུངས་གཏན་འབེབས་བྱས་ཤིང་། པཱེ་རོང་ཧྲིན་མཚན་འཛིན་ཚོགས་གཙོ་དང་། ཀྲའོ་ལེ་ཧྥང(ཀྲུང་དབྱང་མི་རིགས་སློབ་ཆེན)ཚོགས་གཙོར་བསྐོས། ཀྲུང་དབྱང་མི་རིགས་སློབ་ཆེན་ནི་ཚོགས་གཙོའི་ལས་ཁུངས་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རྩོམ་རིག་དང་གསར་འགྱུར་ཁྱབ་སྒྲོག་སློབ་གླིང་ནི་དྲུང་ཡིག་ཁང་དུ་བྱས།
ཚོགས་ཐོག་ཏུ་གྲངས་ཉུང་མི་རིགས་ཀྱི་གསར་འགྱུར་ཁྱབ་སྒྲོག་རིག་ཚན་དང་བསླབ་དེབ་འཛུགས་སྐྲུན་སོགས་ཀྱི་བརྗོད་གཞི་ལ་གྲོས་ཞིབ་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com