སྐབས་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་དཔྱད་འདེམས་མཇུག་འབྲས་གསལ་བསྒྲགས་བྱས་པ།
སྦྲང་ཆར་རྩོམ་རིག་བྱ་དགའ་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་རྩོམ་རིག་དུས་དེབ་ཆེ་གྲས《སྦྲང་ཆར》དུས་དེབ་ཀྱིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་རྩོམ་རིག་གི་ཆེས་མཐོའི་བྱ་དགའ་ཞིག་ཡིན། ལོ་གསུམ་རེ་འཁོར་དུས་ཐེངས་རེ་སྤེལ་གྱིན་ཡོད། ད་ལྟའི་བར་ཐེངས་བདུན་ལ་སྤེལ་བ་དང་། བྱ་དགའ་འདི་སྤེལ་འགོ་བརྩམས་པ་ནས་ད་བར་དུ། སྤྱི་ཚོགས་ལས་རིགས་སོ་སོ་དང་། ལྷག་པར་དུ་བོད་རིགས་རྩོམ་པ་པོའི་སྡེ་ལས་མཐོང་ཆེན་བླ་ལྷག་བྱེད་བཞིན་འདུག
དེ་ཡང་སྦྲང་ཆར་རྩོམ་རིག་བྱ་དགའ་དཔྱད་འདེམ་བྱ་ཐབས་གཞིར་བཟུང་སྟེ་གཏན་འཁེལ་བྱས་པ་ལྟར། སྐབས་བདུན་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”དཔྱད་འདེམ་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་དཔྱད་འདེམ་དང་། བསྐྱར་འདེམ། མཇུག་མཐར་དཔྱད་འདེམ་བཅས་བྱས་པ་བརྒྱུད། སྤྱི་ལོ2009--2011ལོའི་བར་གྱི《སྦྲང་ཆར》དུས་དེབ་ལས“སྦྲང་ཆར་རྩོམ་རིག་བྱ་དགའ”ཐོབ་མཁན་གསུམ་དང་། “སྦྲང་ཆར་སྨྱུག་གསར་བྱ་དགའ”ཐོབ་མཁན་གཉིས། “སྦྲང་ཆར་དཔྱད་བརྗོད་བྱ་དགའ”ཐོབ་མཁན་གཅིག་བཅས་འདེམས་ཐོན་བྱུང་། གཤམ་ནས་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་རྩོམ་པ་པོའི་མིང་བྱང་ཁྱབ་བསྒྲགས་བྱེད་རྒྱུ། ཁྱབ་བསྒྲགས་བྱེད་ཡུན་ཉིན་བདུན(2011ལོའི་ཟླ12པའི་ཚེས7ནས2011ལོའི་ཟླ12པའི་ཚེས13བར)ཡིན། གལ་ཏེ་བྱ་དགའ་ཐོབ་པའི་བརྩམས་ཆོས་འདི་དག་ལ་དོགས་གནད་ཡོད་ཚེ། ཁྱེད་ཅག་གིས་ཁྱབ་བསྒྲགས་བྱེད་ཡུན་འདིའི་ནང་བྱེད་ཐབས་སྣ་མང་སྒོས“སྦྲང་ཆར་རྩོམ་རིག་བྱ་དགའ”དཔྱད་འདེམ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་ལ་ཡར་ཞུ་བྱེད་རོགས།
སྦྲང་ཆར་རྩོམ་རིག་བྱ་དགའ།
《ནས》(སྒྲུང་འབྲིང)རྩོམ་པ་པོ། བཀྲ་བྷ།
《ལམ་གྱི་ཉི་འོད》(སྒྲུང་ཐུང)རྩོམ་པ་པོ། ལྷ་བྱམས་རྒྱལ།
《མིས་ཁྱི་ལ་རྨུགས་པ་ལྟ་བུའི་གསར་འགྱུར》(སྒྲུང་ཐུང)རྩོམ་པ་པོ། སྒོ་མེ་ཚེ་རིང་བཀྲ་ཤིས།
སྦྲང་ཆར་དཔྱད་བརྗོད་བྱ་དགའ།
《དོན་གྲུབ་རྒྱལ་གྱི་མི་གཞིའི་གས་ཁ་དང་དེས་དེང་རབས་ལ་བྱིན་པའི་བློ་བསྐྱེད》རྩོམ་པ་པོ། བདུད་ལྷ་རྒྱལ།
སྦྲང་ཆར་སྨྱུག་གསར་བྱ་དགའ།
《ངའི་ཕ་ཡུལ་མདའ་ཚང》(སྙན་ངག)རྩོམ་པ་པོ། འབྲོང་ཕྲུག་ལྷ་ཆེན་རྒྱལ།
《འུག་པ་གླེང་བ》(སྙན་ངག)རྩོམ་པ་པོ། ཀླུ་བྱམས་རྒྱལ་ལམ་ཁུ་བྱུག་སྔོན་མོ།
དཔྱད་འདེམ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་སྡོད་གནས། ཟི་ལིང་གྲོང་ཁྱེར་ཐུན་རིན་ལམ་སྒོ་རྟགས་ཨང10བ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
འབྲེལ་གཏུགས་ཁ་པར། 0971--6143592
འབྲེལ་གཏུགས་མི་སྣ། མཁའ་འགྲོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com