《དཀོན་མཆོག་རིན་ཆེན་མཆོག་གི་གསུང་རྩོམ་ཕྱོགས་བསྒྲིགས》ཞེས་པ་འབར་ཁམས་སུ་འགྲེམ་སྤེལ་བྱས།
བོད་ཀྱི་མིང་གྲགས་གསོ་རིག་མཁས་པའི《དཀོན་མཆོག་རིན་ཆེན་མཆོག་གི་གསུང་རྩོམ་
ཕྱོགས་བསྒྲིགས》ཞེས་པ་འབར་ཁམས་སུ་འགྲེམ་སྤེལ་བྱས་པ།
ཟླ12པའི་ཚེས6ཉིན། རྔ་བ་ཁུལ་བོད་སྨན་ཁང་དང་། རྔ་བ་ཁུལ་བོད་སྨན་ཞིབ་འཇུག་ཁང་གཉིས་ཀྱིས་གཙོ་སྒྲུབ་གནང་བའི《དཀོན་མཆོག་རིན་ཆེན་མཆོག་གི་གསུང་རྩོམ་ཕྱོགས་བསྒྲིགས》ཞེས་པ་འབར་ཁམས་སུ་ཐོག་མར་འགྲེམ་སྤེལ་བྱས།
དཀོན་མཆོག་རིན་ཆེན་ནི་རང་རྒྱལ་དུ་མིང་དུ་གྲགས་པའི་བོད་ཀྱི་གསོ་རིག་ཆེད་མཁས་ཤིག་ཡིན་ཞིང་། ཁོས་རང་གི་ཆེས་རིན་ཐང་ལྡན་པའི་མི་ཚེ་གང་བོ་བོད་ཀྱི་གསོ་རིག་ལས་དོན་ལ་གཞོལ་བ་ཡིན་ལ། དཀའ་སྤྱད་ཀྱི་དུས་ཡུན་རིང་བོའི་ཁྲོད་སི་ཁྲོན་ཞིང་ཆེན་དུ་བོད་ཀྱི་གསོ་རིག་མཐོ་རིམ་སློབ་གསོ་དབུལ་བའི་སྟོང་ཆ་བསྐངས་བ་དང་། དེའི་མཚུངས་སུ་བོད་ཀྱི་གསོ་རིག་ཕུལ་བྱུང་ཅན་གང་མང་གསོ་སྐྱོང་གནང་སྟེ་བོད་ཀྱི་གསོ་རིག་རྒྱུན་འཛིན་དང་དར་སྤེལ་བྱེད་པར་བྱས་རྗེས་མི་དམན་པ་བཞག་པ་རེད།
གསུང་རྩོམ་ཕྱོགས་བསྒྲིགས་འདིར་བོད་ཀྱི་གསོ་རིག་ཆེད་མཁས་པ་དཀོན་མཆོག་རིན་ཆེན་གྱི་དཔྱད་གཞིའི་རྒྱུ་ཆ་གང་མང་བསྡུ་ཉར་བྱས་ཡོད་ཅིང་། བསྡོམས་པས་ལེའུ7དང་། ཡིག་གྲངས་ཁྲི100ལྷག་ཡོད་ལ། བོད་ཀྱི་གསོ་རིག་གཞུང་ལུགས་ཤེས་བྱའི་ཚད་མར་བཟུང་འོས་ཀྱི་དཔེ་ཚོགས་ཤིག་ཡིན།
འདི་པར་སྐྲུན་འགྲེམ་སྤེལ་བྱས་པར་རྔ་བ་ཁུལ་བོད་སྨན་ཁང་གི་མཐོང་ཆེན་དང་རྒྱབ་སྐྱོར་གང་མང་གནང་ཞིང་། ཕྱོགས་སོ་སོ་ནས་འཚོལ་བསྡུ་དང་ལེགས་བསྒྲིགས། རིན་ཐང་ལྡན་པའི་དཔྱད་གཞིའི་ཡིག་ཆ་མང་པོ་མཁོ་སྤྲོད་བྱས་ཏེ། བོད་ཀྱི་གསོ་རིག་ཁྱབ་སྤེལ་བྱེད་པའི་ཐད་ལ་སྐྱེས་སྟོབས་ལྡན་པའི་ནུས་ཤུགས་བསྩལ་བྱུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com