ཧུང་ཡོན་གྱིས་མང་ཚོགས་ཀྱི་རིག་གནས་འཚོ་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་བཏང་བ།
ཐང་ག
དབུ་མེད་ཡིག་གཟུགས།
ཧོང་ཡོན་རྫོང་གིས་ཁྱོན་ཡོངས་ནས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། གཏིང་ཟབ་ཀྱི་སྒོ་ནས་རིག་གནས་ལས་རིགས་དར་རྒྱས་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་གོང་དུ་སྤེལ་ཏེ་བསམ་པའི་དཔལ་ཡོན་ཕུན་སུམ་ཚོགས་པར་གཏོང་ཆེད། ཉེ་ཆར། རྒྱང་སྐྱོད་ལམ་གྱི་ཧུང་ཡོན་གསར་བ་ཞེས་པའི་པར་རིས་དང་ཡིག་གཟུགས། རི་མོའི་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་རེད། ཐེངས་འདིའི་འགྲན་སྡུར་ཏུ་ཏང་སྲིད་ལས་བྱེད་པ་དང་། ཞིང་འབྲོག་མང་ཚོགས། སློབ་གྲྭའི་དགེ་སློབ། དགོན་པའི་གྲྭ་བཙུན་ཇོ་མོ་བཅས་ལས་རིགས་སོ་སོའི་མི་སྣ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་བསྐྲུན་ཞིང་རིག་པའི་དཔལ་ལས་བྱུང་བའི་ཤིང་པར་རི་མོ་དང་། ཐང་ག སྣུམ་ཚོན་རི་མོ། ཆུ་ཚོན་རི་མོ། རྒྱ་བོད་ཡིག་རིགས་སྣ་ཚོགས། ཐ་ན་ལོ་ངོ་སྟོང་ཕྲག་བརྒྱད་ཀྱི་ལོ་རྒྱུས་ཡོད་པའི་བོད་ཀྱི་གནའ་བོའི་ཤེས་རིག་གི་ཉིང་བཅུད་དུ་གྱུར་བའི་ཞང་ཞུང་ལྷ་བབ་ཡི་གེའི་བྲིས་རྒྱུན་ཡིག་གཟུགས་བཅས་སྒྱུ་རྩལ་གྱི་རིན་ཐང་ལྡན་ཞིང་བྱུང་གྲུབ་ཀྱི་སྤུས་ཀ་ལེགས་པའི་བརྩམས་ཆོས་ཕུན་སུམ་ཚོགས་པ་ཡོད་པ་རེད།
ཡིག་གཟུགས་ལ་ལྟ་བཞིན་པ།
གཞན་ཡང་འགྲན་བསྡུར་བརྒྱུད་ནས་བྱུང་བའི་ཆེས་ལེགས་ཤིང་ཕུལ་ཏུ་བྱུང་བའི་བརྩམས་ཆོས་དག་བཤམས་སྟོན་ཁང་དུ་ཉིན་གསུམ་གྱི་རིང་ལ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྤྱན་སྔར་བཤམས་སྟོན་བྱས་པ་དང་། ཉིན་གསུམ་གྱི་རིང་ལ་བཤམས་སྟོན་ཁང་དུ་ལས་རིགས་ཁག་དང་རིགས་སོ་སོའི་ལྟད་མོ་བ་རྣམས་ཆུ་བོའི་རྒྱུན་བཞིན་བར་མི་ཆད་པར་འོངས་ཏེ་སྒྱུ་རྩལ་བརྩམས་ཆོས་ཀྱི་དཔལ་ལ་མཉམ་རོལ་བྱས་པས་མང་ཚོགས་ཀྱི་རིག་གནས་འཚོ་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་བཏང་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com