ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭའི་བློ་ལྡན་གླིང་གིས་ཕུལ་བྱུང་ལས་བྱ་ལེགས་འདེམ་གྱི་བྱ་འགུལ་སྤེལ་བ།
སློབ་གྲོགས་རྣམས་ཀྱིས་ཆེས་ལེགས་པའི་འབྲི་དེབ་རེ་རེ་ལ་ཞིབ་མོར་བལྟས་ནས་རྗེས་ཕྱོགས་སུ་ལས་བྱ་འབྲི་དུས་
མཉམ་འཇོག་དགོས་པའི་སྐོར་ལ་ངེས་ཤེས་གསར་བ་བསྐྱེད།
སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་། སློབ་སྦྱོང་ལ་འདུན་པ་སློང་བ། སློབ་སྦྱོང་གི་མཁའ་དབུགས་གསར་སྐྲུན་བྱེད་པ་བཅས་གཞི་བྱས་ནས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བློ་ལྡན་གླིང་གིས་ཕུལ་བྱུང་ལས་བྱ་ལེགས་འདེམ་ཞེས་པའི་བྱ་འགུལ་ཞིག་དགེ་སློབ་སྟོང་གསུམ་ལྷག་གི་མིག་གི་དགའ་སྟོན་དུ་ཕུལ།
སློབ་བུ་རྣམས་ཀྱིས་གྲལ་དག་པོར་བྲིས་འདུག་པའི་ལས་བྱ།
ན་སོ་གཞོན་པའི་སློབ་བུ་རྣམས་ཀྱིས་ཕན་ཚུན་གྱི་ལས་བྱ་གཤིབ་བསྡུར་བྱས་པ་ལས་རྗེས་ཕྱོགས་སློབ་སྦྱོང་ལ་ཧུར་བརྩོན་
བྱ་འདོད་པའི་སྒུལ་ཤུགས་གསར་བ་དང་སྐུལ་ལྕག་ཡང་ཡང་ཐོབ།
ཐེངས་འདིའི་འགྲན་སྡུར་ལ་རིམ་པ་གཉིས་སུ་བགར་བ་སྟེ། ཐོག་མར་འཛིན་གྲྭ་ནང་ཁུལ་ནས་བོད་རྒྱ་དབྱིན་གསུམ་གྱི་ལས་བྱ་ལེགས་གྲས་རྣམས་གདམ་གསལ་བྱས་ཤིང༌། རྗེས་སུ་ལོ་རིམ་ཡོངས་ནས་ལེགས་ཤོས་རྣམས་བདམས་ནས་དཔྱད་འདེམས་དགེ་རྒན་སྐོར་ཞིག་གདན་འདྲེན་བྱས་ཏེ་འདྲ་མཉམ་དང་དྲང་བཞག་གི་སྒོ་ནས་སློབ་གྲོགས་ལྔ་བརྒྱ་ལྷག་གི་ཁྲོད་དུ་ཨང་དང་པོ་གསུམ་དང་། ཨང་གཉིས་པ་དྲུག ཨང་གསུམ་པ་བརྒྱད་བཅས་ཁྱོན་བསྡོམས་སློབ་གྲོགས་བཞི་བཅུ་ལ་བྱ་དགའི་དངོས་པོ་དང་མཚན་སྙན་དཔང་ཡིག་གནང་བ་རེད།
འགྲན་སྡུར་འདི་བརྒྱུད་དེ་སློབ་གྲོགས་རྣམས་ཀྱིས་རྗེས་ཕྱོགས་ཀྱི་སློབ་སྦྱོང་གི་གོ་རིམ་ཁྲོད་ནས་ལས་བྱ་འབྲི་སྐབས་མཉམ་འཇོག་བྱེད་དགོས་ས་སྟེ། སྨྱུག་རིམ་འབྲི་སྟངས་དང་། གྲལ་དག་ཡིན་དགོས་ཚུལ། ལས་བྱ་དག་བཅོས་བྱས་ཡོད་མེད། ཡིག་གཟུགས་ཀྱི་སྦོམ་ཕྲ་ལ་སོགས་གང་ལ་གང་བསྟུན་སྒོས་ལས་བྱ་འབྲི་ཚུལ་གྱི་ནུས་རྩལ་གསར་བ་གང་མང་ཞིག་ཚུར་ལེན་དང་ཉམས་མྱོང་གསར་བ་བླངས་བས། རྗེས་ཕྱོགས་ཀྱི་ལས་བྱ་འབྲི་སྟངས་ཐད་བསྒྱུར་བཅོས་གསར་བ་ཞིག་ཡོད་པ་མ་ཟད། སློབ་གྲྭ་སྤྱི་ལའང་རིག་གནས་མཁའ་དབུགས་གསར་བ་ཞིག་བསྣན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com